མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-27 11:19

6.jpg

ཟླ1པོའི་ཚེས26ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།

1.jpg

ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མུའུ་ཏུང་ཧྲིན་གྱིས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་འབུལ་བཞིན་པ།

2.jpg

ཚོགས་འདུར་ཞུགས་པའི་འཐུས་མི།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོས་དེ་རིང་སྔ་དྲོར་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས། ཚོགས་འདུར་ཞུགས་དགོས་པའི་འཐུས་མི་སུམ་བརྒྱ་དང་གོ་བརྒྱད་ཡོད་པ་དང་། འཐུས་མི་སུམ་བརྒྱ་དང་གྱ་ལྔ་དངོས་སུ་ཚོགས་འདུར་འབྱོར་པས། བཅའ་ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་མི་གྲངས་དང་མཐུན།

    ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཚའོ་ཝུན་ཧུའུ་ཡིས་ཚོགས་འདུར་མགོ་འཛིན་བྱས།

    ལག་བསྟར་ཀྲུའུ་ཞི་ངག་དབང་བསོད་ནམས་དང་། ཡུས་ཚུང་ལི། མཱ་ཝུན་པང་། མཱ་ལེན་ལུང་། ཝང་ཧུའུ། ཧྲིན་ཧུང་ཞིན། ལིག་ཐུང་ཏི། ལིག་ཧྭ་ཧྥང་། ལིག་ཅན་ཅོན། ཡན་པའོ་ལེང་། ལིས་ཡེ་ཆི། ཞིན་གོ་པེན། ཝེ་ཆིན་བཅས་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད།

    ཆང་ཝེ་དང་། ལོ་ཧོས་ཉིན། ཝང་ཅན་ཅོན། རིན་ཆེན་རྒྱལ། ཞུའུ་ཧྥུའུ་ཧྲོན། ཅི་ཏིས་མ་ཅ། རྡོ་རྗེ་རབ་བརྟན། ཆི་ཡུས། ཝང་ལིན་ཅོན། སུའུ་ཉིན། ཝུའུ་ཡུས་ཏི། མའོ་ཞའོ་པེན། བསྟན་ཁོ་སོགས་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད།

    གྲོས་ཚོགས་ནས་སྔ་གཞུག་ཏུ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མུའུ་ཏུང་ཧྲིན་གྱིས་ཕུལ་བའི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཏུང་ཁའེ་ཅོན་གྱིས་ཕུལ་བའི་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་ཝང་ཞའོ་ཡུང་གིས་ཕུལ་བའི་མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་བཅས་ལ་ཉན། གྲོས་ཚོགས་ནས་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་གྲངས་ཀའི་ཆོད་དོན་འཆར་ཟིན་དང་། ཚོགས་ཆེན་གྱི་འདེམ་བསྐོའི་བྱེད་ཐབས། སྤྱིའི་འདེམ་ཤོག་ལྟ་སྐུལ་པ་དང་འདེམ་ཤོག་ལྟ་སྐུལ་པའི་མིང་ཐོ་འཆར་ཟིན། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོ་འཛུགས་པའི་ཆོད་དོན་འཆར་ཟིན་བཅས་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་།

    མུའུ་ཏུང་ཧྲིན་གྱིས་སྙན་ཞུ་འབུལ་སྐབས། སྐབས་གསར་བའི་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཏང་ཨུའི་མགོ་ཁྲིད་བརྟན་པོའི་འོག ཞིང་ཆེན་དམངས་འཐུས་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དེ་ས་གནས་ཀྱི་རྒྱལ་ཁབ་དབང་ཤུགས་ལས་ཁུངས་དང་། འཐུས་ཚབ་ལས་ཁུངས། བྱ་བའི་ལས་ཁུངས་བཅས་ཡིན་པའི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ཏེ། མཚོ་སྔོན་གསར་བ་འཛུགས་སྐྲུན་དང་འཚོ་བ་གསར་བ་གསར་སྐྲུན་བྱེད་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་ དགོས་པའི་གྲོས་གཞི་བཏོན།

    ཏུང་ཁའེ་ཅོན་གྱིས་སྙན་ཞུ་འབུལ་སྐབས་བཤད་རྒྱུར། རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་དུ། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས་མི་དམངས་ཁྲིམས་ཁང་གི་བྱ་བར་བཏོན་པའི་སྤྱིའི་རེ་བ་ལག་བསྟར་ནན་མོ་བྱས་ཏེ། ཏང་ལ་འགན་འཁུར་བ་དང་མི་དམངས་ལ་འགན་འཁུར་བ། བཅའ་ཁྲིམས་ལ་འགན་འཁུར་བ་བཅས་གཅིག་གྱུར་ཡོང་བར་བྱས་ཤིང་། མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱོད་གཞི་རེ་རེའི་ཁྲོད་ནས་འདྲ་མཉམ་དང་དྲང་བདེན་ལོངས་སུ་སྤྱོད་དུ་བཅུག་སྟེ། མཚོ་སྔོན་གསར་བ་འཛུགས་སྐྲུན་དང་འཚོ་བ་གསར་བ་གསར་སྐྲུན། ཕྱོགས་ཡོངས་ནས་འབྱོར་འབྲིང་གི་ཕྱོགས་སུ་བསྐྱོད་པ་བཅས་ཀྱི་ཐད་ལ་སྔར་ལས་ནུས་པ་དང་ཕན་འབྲས་ལྡན་ཞིང་། སྔར་ལས་ཕུན་སུམ་ཚོགས་པའི་བཅའ་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར།

    ཝང་ཞའོ་ཡུང་གིས་སྙན་ཞུ་འབུལ་སྐབས་བཤད་རྒྱུར། ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་བ་ནས། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་མགོ་ཁྲིད་འོག སྔར་ལས་རང་རྟོགས་ཀྱིས་རིམ་པ་སོ་སོའི་དམངས་ཆེན་དང་སྲིད་གྲོས། སྤྱི་ཚོགས་ལས་རིགས་སོ་སོ། གསར་འགྱུར་གླེང་ཕྱོགས་བཅས་ཀྱི་ལྟ་རྟོག་དང་ལེན་བྱེད་པ་དང་། ཐེངས་འདིའི་ཚོགས་ཆེན་གྱི་གྲོས་ཆོད་ལག་བསྟར་ནན་མོ་བྱས་ཏེ། སྙིང་སྟོབས་ཆེར་བསྐྱེད་དང་བདེན་འཚོལ་དངོས་གཉེར། ཡར་བརྩོན་ལྷོད་མེད་ཀྱིས་ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་བྱ་བའི་རྣམ་པ་གསར་བ་བསྐྲུན་ནས། མཚོ་སྔོན་གྱི་གསར་བ་གཉིས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པ་དང་ཁུལ་གསུམ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་འཇོག་འོས་པའི་བྱས་རྗེས་འཇོག་རྒྱུ་ཡིན་ཟེར།

    སྲིད་གྲོས་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་ཨུ་ཡོན་རྣམས་ཚོགས་འདུར་ཟུར་ཞུགས་བྱས།
 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག