མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཚོགས་ཆེན་གཉིས་ལ་ཞུགས་པའི་འཐུས་མི་དང་ཨུ་ཡོན་རྣམས་ཀྱིས་ཚན་ཆུང་བགོས་ཏེ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་བྱ་བའི་སྙན་ཞུ་ལ་གྲོས་བསྡུར་བྱས།

རྩོམ་པ་པོ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-27 11:19

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས26ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་འཐུས་མི་དང་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་ཨུ་ཡོན་རྣམས་ཀྱིས་ཚན་ཆུང་བགོས་ཏེ་མུ་མཐུད་དུ་གྲོས་བསྡུར་བྱས། ཚང་མས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་བཅས་ལ་དམིགས་ཏེ་གཅིག་རྗེས་གཉིས་མཐུད་སྒོས་གཏམ་བཤད་པ་དང་ཧུར་ཐག་སྒོས་བློ་འདོན་ཇུས་འབུལ་བྱས་ནས། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་སྣང་ཚུལ་གྱིས་ཁེངས།

ཅི་ཏིས་མཱ་ཅ་དང་རྡོ་རྗེ་རབ་བརྟན། ཝང་ལིན་ཅོན་། སུའུ་ཉིན། མའོ་ཞོ་པེན། བསྟན་ཁོ་བཅས་སོ་སོར་ཚན་ཆུང་སོ་སོའི་གྲོས་ཞིབ་དང་གྲོས་བསྡུར་ལ་ཞུགས།

འཐུས་མི་དང་ཨུ་ཡོན་རྣམས་ཀྱིས་གཅིག་གྱུར་སྒོས་བལྟས་ན། འདས་པའི་ལོ་ལྔའི་རིང་ལ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་གི་མགོ་ཁྲིད་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས་བྱས་ནས། དཀྱིལ་སྙིང་ལ་དམིགས་པ་དང་། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ། ཁྲིམས་ལྟར་འགན་དབང་ལག་བསྟར་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་ལས་དོན་སྣ་ཚོགས་བདེ་བླག་དང་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་བཏང་བར་སྙམ།

འཐུས་མི་དང་ཨུ་ཡོན་རྣམས་ཀྱིས་བལྟས་ན། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུའི་བསམ་ཕྱོགས་གསལ་ཞིང་གཞི་གྲངས་དོན་དངོས་དང་མཐུན་ལ། བྱེད་ཐབས་ནུས་ལྡན་ཡིན་པར་མ་ཟད། ད་ལོའི་བྱ་བར་བཀོད་སྒྲིག་བཟང་བོ་བྱས་ཡོད་པས། མི་དམངས་མང་ཚོགས་ཀྱི་རེ་འདུན་དང་མཐུན། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུའི་ནང་དོན་ཕུན་སུམ་ཚོགས་ཤིང་། དོན་དངོས་དང་མཐུན་པའི་སྒོ་ནས་གྲུབ་འབྲས་སྤྱི་བསྡོམས་བྱས་པར་མ་ཟད། ཚན་རིག་དང་མཐུན་པའི་སྒོ་ནས་ད་ལོའི་བྱ་བར་བཀོད་སྒྲིག་བྱས་པས། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་མཐུན་པར་སྙམ།

འཐུས་མི་དང་ཨུ་ཡོན་རྣམས་ཀྱིས2013ལོ་ནི་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་མགོ་རྩོམ་པའི་ལོ་ཡིན་ལ། ལོ་ལྔའི་འཆར་གཞི་བཅུ་གཉིས་པ་མུ་མཐུད་ལག་བསྟར་བྱེད་པའི་གནད་འགག་གི་ལོ་ཡང་ཡིན་པས། སྔར་ལས་རང་རྟོགས་སྒོས་མཚོ་སྔོན་ཞིང་ཆེན་གྱི་ཁྱོན་ཡོངས་ཀྱི་བྱ་བར་དམིགས་ཏེ། འགན་ནུས་འདོན་སྤེལ་བཟང་བོ་བྱེད་པ་དང་སྟོབས་ཤུགས་གཅིག་སྒྲིལ་བྱེད་པ། དཀའ་ཁག་སྣ་ཚོགས་ཁྱད་དུ་བསལ་ཏེ། མཚོ་སྔོན་གྱི་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པའི་རྒྱལ་ཁ་གསར་བ་ལེན་པར་ཧུར་ཐག་སྒོས་འབད་འཐབ་བྱེད་རྒྱུའི་ཚུལ་བསྟན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག