མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་གཉིས་པ་བསྡུས་པ།

རྩོམ་པ་པོ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན།  2013-01-26 11:08

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ1པོའི་ཚེས25ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་གཉིས་པ་བསྡུས། གྲོས་ཚོགས་སུ་འབྱོར་དགོས་པའི་ཀྲུའུ་ཞི་ཚོགས་པའི་མི་སྣ་ང་དགུ་ཡིན་པ་དང་། དོན་དངོས་སུ་འབྱོར་བའི་མི་སྣ་ང་བདུན་ཡིན་པས། བཅའ་ཁྲིམས་སྟེང་གཏན་ལ་ཕབ་པའི་མི་གྲངས་དང་མཐུན།

ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཆང་ཝེ་དང་ཅི་ཏིས་མཱ་ཅ། རྡོ་རྗེ་རབ་བརྟན། ཆི་ཡུས། ཝང་ལིན་ཅོན། ཝང་ཞོ་ཆིན། སུའུ་ཉིན། བུའུ་ཡུས་ཏེ། མའོ་ཞོ་པིན། བསྟན་ཁོ། མུའུ་ཏུང་ཧྲིན། ཧྲིན་ཧི། དབང་མོ། ཚའོ་བུན་ཧུའུ་བཅས་གྲོས་ཚོགས་སུ་ཞུགས།

མུའུ་ཏུང་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།

གྲོས་ཚོགས་ལ་བསྡོམས་པས་གྲོས་རིམ་སྣ་ཁ་བརྒྱད་ཡོད་པ་སྟེ། གཅིག་ནི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་ཀྲུའུ་རིན་གཞོན་པ། དྲུང་ཡིག་ཆེན་མོ། ཨུ་ཡོན་དང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་དང་། ཧྲིན་ཀྲང་གཞོན་པ། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པར་ཞུགས་པའི་འཐུས་མི་འདེམ་སྒུག་པ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་བཙུགས་གྲུབ་མི་སྣ་འདེམ་མི་བཅས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་པ་དང་། གཉིས་ནི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་ཀྲུའུ་རིན་གཞོན་པ། དྲུང་ཡིག་ཆེན་མོ། ཨུ་ཡོན་འདེམ་སྒུག་པའི་མིང་ཐོ་འཆར་ཟིན་ལ་གྲོས་འཆམ་བྱུང་། གསུམ་ནི་མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་དང་ཧྲིན་ཀྲང་གཞོན་པ་འདེམ་སྒུག་པའི་མིང་ཐོ་འཆར་ཟིན་ལ་གྲོས་འཆམ་བྱང་། བཞི་ནི་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་འདེམ་སྒུག་པའི་མིང་ཐོ་འཆར་ཟིན་ལ་གྲོས་འཆམ་བྱུང་། ལྔ་ནི་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པར་ཞུགས་པའི་འཐུས་མི་འདེམ་སྒུག་པའི་མིང་ཐོ་འཆར་ཟིན་ལ་གྲོས་འཆམ་བྱུང་། དྲུག་ནི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་ཀྲུའུ་རིན་ཨུ་ཡོན་དང་ཀྲུའུ་རིན་ཨུ་ཡོན་གཞོན་པ། ཨུ་ཡོན་བཅས་ཀྱི་འདེམ་མིའི་མིང་ཐོ་འཆར་ཟིན་ལ་གྲོས་འཆམ་བྱུང་། བདུན་ནི་འདེམ་ཤོག་སྤྱིའི་ལྟ་སྐུལ་བ་དང་ལྟ་སྐུལ་བའི་མིང་ཐོ་འཆར་ཟིན་ལ་གྲོས་འཆམ་བྱུང་། བརྒྱད་ནི་འཐུས་མི་རྣམས་ཀྱིས་མཉམ་འབྲེལ་སྒོས་འདེམ་སྒུག་པའི་མིང་འདོན་མཚམས་འཇོག་པའི་དུས་ཚོད་སྐོར་གྱི་ཆོད་དོན་འཆར་ཟིན་ལ་གྲོས་འཆམ་བྱུང་།

གྲོས་ཚོགས་སྟེང་གོང་གི་གྲོས་རིམ་ལ་རིམ་པ་ལྟར་གྲོས་འཆམ་བྱུང་།

ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་རྩ་འཛུགས་པུའུ་ཡི་སྐབས་བརྗེའི་གནས་ཚུལ་ལྟ་སྐུལ་ཚན་ཆུང་གྲོས་ཚོགས་སུ་ཞུགས་ཏེ་མཛུབ་སྟོན་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག