མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཚོགས་ཆེན་གཉིས་ལ་ཞུགས་པའི་འཐུས་མི་དང་ཨུ་ཡོན་རྣམས་ཀྱིས་ཚན་ཆུང་བགོས་ཏེ་སྲིད་གཞུང་བྱ་བའི་སྙན་ཞུར་མུ་མཐུད་དུ་གྲོས་ཞིབ་བྱས་པ།

རྩོམ་པ་པོ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-26 11:08

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ1པོའི་ཚེས25ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་འཐུས་མི་དང་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་ཨུ་ཡོན་རྣམས་ཀྱིས་ཚན་ཆུང་བགོས་ཏེ་སྲིད་གཞུང་བྱ་བའི་སྙན་ཞུར་མུ་མཐུད་དུ་གྲོས་ཞིབ་བྱས། འཐུས་མི་དང་ཨུ་ཡོན་རྣམས་ཀྱིས་སྲིད་གཞུང་བྱ་བའི་སྙན་ཞུ་དང་ལོ་རེའི་འཆར་འགོད་སྙན་ཞུ་བཅས་ལ་དམིགས་ཏེ་གཅིག་རྗེས་གཉིས་མཐུད་སྒོས་གཏམ་བཤད་པ་དང་ཧུར་ཐག་སྒོས་བློ་འདོན་ཇུས་འབུལ་བྱས།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཞུའུ་ཧྥུའུ་ཧྲུན་དང་ལོ་ཡུས་ལིན། ཅི་ཏིས་མཱ་ཅ། རྡོ་རྗེ་རབ་བརྟན། ཆི་ཡུས། སུའུ་ཉིན། བསྟན་ཁོ་བཅས་སོ་སོར་འཐུས་ཚབ་ཚོགས་པ་སོ་སོའི་གྲོས་བསྡུར་ལ་ཞུགས།

འཐུས་མི་དང་ཨུ་ཡོན་རྣམས་ཀྱིས་བལྟས་ན། འཆར་འགོད་སྙན་ཞུ་ལས་བྱ་བ་སྤྱི་སྡོམ་བཟང་བོ་བྱས་པ་དང་། དམིགས་འབེན་དང་ལས་འགན་དོན་དངོས་དང་མཐུན། སྔོན་རྩིས་སྙན་ཞུ་ལས་2012ལོའི་འགྲོ་གྲོན་བཏང་བའི་གནས་ཚུལ་གསལ་བོར་མཚོན་ཡོད་ལ། ད་ལོའི་སྔོན་རྩིས་བཀོད་པ་ཚན་རིག་དང་མཐུན། སྙན་ཞུ་དེ་གཉིས་དང་སྲིད་གཞུང་བྱ་བའི་སྙན་ཞུ་ཕན་ཚུན་ཁ་གསབ་བྱས་ཏེ། ན་ནིང་མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ཕྱོགས་ཡོངས་དང་དོན་དངོས་དང་མཐུན་པའི་སྒོ་ནས་མཚོན་པར་བྱས་ཡོད་པར་སྙམ།

འཐུས་མི་དང་ཨུ་ཡོན་རྣམས་ཀྱིས་བལྟས་ན། གནས་བབ་གསར་བའི་མདུན་དུ། མཚོ་སྔོན་ཞིང་ཆེན་གྱི་འཕེལ་རྒྱས་རྨང་གཞི་དང་སྦས་ཤུགས་ལ་ངོས་འཛིན་གང་ལེགས་བྱེད་དགོས་པ་དང་། དོན་དངོས་དང་མཐུན་པའི་སྒོ་ནས་མི་འདང་སར་དབྱེ་ཞིབ་བྱས་ཏེ། གོ་སྐབས་དམ་འཛིན་བྱེད་པ་དང་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ། ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་རྒྱུ་བཅས་རྒྱུན་འཁྱོངས་བྱེད་དགོས་པར་མ་ཟད། མཚོ་སྔོན་གསར་བ་འཛུགས་སྐྲུན་དང་འཚོ་བ་གསར་བ་གསར་བསྐྲུན། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པའི་འབད་འཐབ་དམིགས་འབེན་ལ་དམ་པོར་དམིགས་ཏེ། བསམ་བློ་སྔར་ལས་བཅིངས་འགྲོལ་བྱེད་པ་དང་། བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ། སྒོ་འབྱེད་རྒྱ་བསྐྱེད་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མྱུར་དུ་མཐོར་འདེགས་སུ་གཏོང་བ་དང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པའི་བགྲོད་ལམ་སྟེང་གོམ་པ་སྔར་ལས་བརྟན་པོ་སྤོ་དགོས་པར་སྙམ། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག