མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

པདྨ་ཚེ་བརྟན་གྱི་ཧྥ་རན་སི་པར་གཞིའི་བརྩམས་སྒྲུང་ཕྱོགས་བསྡུས་པར་བསྐྲུན་འགྲེམ་སྤེལ་བྱས་པ།

  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2013-01-26 10:46

2012ལོར་པདྨ་ཚེ་བརྟན་ལོ་ཙཱ་བ་གཉིས་དང་ལྷན་དུ་ཧྥ་རན་སིའི་ལཱ་རོ་ཆེ་གློག་བརྙན་དུས་སྟོན་དུ་པར་བླངས་པ།
པདྨ་ཚེ་བརྟན་གྱི་ཧྥ་རན་སི་པར་གཞིའི་བརྩམས་སྒྲུང་ཕྱོགས་བསྡུས་པར་བསྐྲུན་འགྲེམ་སྤེལ་བྱས་པ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། པདྨ་ཚེ་བརྟན་གྱི་ཧྥ་རན་སི་པར་གཞིའི་བརྩམས་སྒྲུང་ཕྱོགས་བསྡུསNeigeཞེས་པ་ཧྥ་རན་སིའིEditions Philippe Picquierཔར་སྐྲུན་ཁང་གིས་པར་བསྐྲུན་འགྲེམ་སྤེལ་བྱས་ཤིང་། ཧྥ་རན་སིའི《འཛམ་གླིང་ཚགས་པར》གྱིས་དེའི་ཐད་ཀྱི་གསར་འགྱུར་བསྒྲགས་ཡོད་པ་རེད།

    བརྩམས་སྒྲུང་ཕྱོགས་བསྡུས་འདིར་པདྨ་ཚེ་བརྟན་གྱི་དུས་སྐབས་སོ་སོའི་མཚོན་བྱེད་རང་བཞིན་གྱི་བརྩམས་སྒྲུང་ཐུང་གྲས་བདུན་བཀོད་ཡོད་དེ།  《གངས》ཞེས་པ་དང་།  《མི་དང་ཁྱི》། 《ཨ་ཁ་ཐུབ་བྷར་འཚམས་འདྲིར་ཕྱིན་པ》། 《ཨོ་རྒྱན་གྱི་སོ》། 《ཐར་ལོ》།  《སྐྱེས་པ་ཨང་དགུ་བ》། 《ལུག་བརྒྱད》བཅས་ཡིན་ལ། དེ་དག་སོ་སོ་ལོ་ཙཱ་བFrancoise RobinདངBrigitteགཉིས་ཀྱིས་བོད་ཡིག་དང་རྒྱ་ཡིག་ནས་ཧྥ་རན་སིའི་སྐད་དུ་བསྒྱུར་བ་རེད།


2012ལོར་པདྨ་ཚེ་བརྟན་ལོ་ཙཱ་བ་གཉིས་དང་ལྷན་དུ་ཧྥ་རན་སིའི་ལཱ་རོ་ཆེ་གློག་བརྙན་དུས་སྟོན་དུ་པར་བླངས་པ།

    པདྨ་ཚེ་བརྟན་གྱིས་གློག་བརྙན་གསར་སྐྲུན་བྱེད་པའི་མཚུངས་སུ་རྩོམ་རིག་གསར་རྩོམ་ལ་གཞོལ་བ་དང་། ཁོའི་བརྩམས་སྒྲུང་ནི《ཀྲུང་གོའི་སྒྲུང་ཐུང་ལོ་བཏུས》དང་། 《དུས་རབས21པའི་ལོ་བཏུས་བརྩམས་སྒྲུང》། 《ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་བརྩམས་ཆོས་ལེགས་འདེམ》སོགས་དབང་གྲགས་ཆེ་བའི་འདེམ་དཔེ་དག་ཏུ་ཚུད་པ་མ་ཟད།  དབྱིན་ཇིའི་སྐད་དང་། ཧྥ་རན་སིའི་སྐད། ཉི་ཧོང་གི་སྐད། ཅེ་ཁེའི་སྐད་སོགས་སྐད་རིགས་དུ་མར་བསྒྱུར་ནས་ཕྱིའི་རྒྱལ་ཁབ་གང་མང་དུ་མཚམས་སྦྱོར་གནང་ཡོད་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག