མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་ཤང་གྲོང་དཀའ་ངལ་མང་ཚོགས་ལ་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་བྱིན་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-01-26 10:46

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ལུགས་རྙིང་ལོ་སར་སླེབས་ལ་ཉེ་བའི་སྐབས། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དཀའ་ངལ་མང་ཚོགས་ཀྱི་འཚོ་བར་ཐུགས་ཁུར་གནང་བཞིན་ཡོད། ཉེ་ལམ། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཆོག་མཆན་ཐོབ་པ་བརྒྱུད། ཞིང་ཆེན་དམངས་སྲིད་ཐིན་དང་ནོར་སྲིད་ཐིན་གྱིས་ལོ་སར་སྔོན་ལ་ཞིང་ཆེན་ཡོངས་ཀྱི་ཤང་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་བྱེད་ཡུལ་དང་ཞིང་སྡེའི་ལྔ་སྐྱོང་ཁྱིམ་ཚང་། རྒྱལ་ཁབ་འཆི་གོད་ཁ་གསབ་ལོངས་སྤྱོད་བྱེད་བཞིན་པའི་གཟིགས་སྐྱོང་བྱེད་ཡུལ་དང་། ཀྲུང་གོ་གསར་བ་མ་བཙུགས་སྔོན་ལ་ཏང་ནང་དུ་ཞུགས་པའི་ཏང་ཡོན་རྒན་པ། ལས་འཁྱུར་ངལ་གསོའི་ཐོབ་ཐང་ལོངས་སྤྱོད་བྱེད་མ་ཐུབ་པའི་གྲོང་རྡལ་གྱི་ཏང་ཡོན་རྒན་པ་བཅས་ལ་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་སྟེར་རྒྱུའི་ཐག་གཅོད་བྱས། འདི་ནི་མཚོ་སྔོན་གྱིས2009ལོའི་ཚུན་ནས་བཟུང་ཐེངས་བཞི་བར་ལོ་སར་སྔོན་ལ་དཀའ་ངལ་མང་ཚོགས་ལ་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་བྱིན་པ་ཡིན།

ཐེངས་འདིའི་ཁ་གསབ་བྱེད་ཡུལ་དང་ཁ་གསབ་ཚད་གཞི་ནི། གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་སྲུང་བྱེད་ཡུལ་མི་རེར་སྒོར300དང་། ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་བྱེད་ཡུལ་དང་ཞིང་སྡེའི་ལྔ་སྐྱོང་ཁྱིམ་ཚང་གི་མི་རེར་སྒོར200། རྒྱལ་ཁབ་ཀྱི་འཆི་གོད་ཁ་གསབ་ལོངས་སྤྱོད་བྱེད་བཞིན་པའི་གཟིགས་སྐྱོང་བྱེད་ཡུལ་དང་ཀྲུང་གོ་གསར་བ་མ་བཙུགས་སྔོན་ལ་ཏང་ནང་དུ་ཞུགས་པའི་ཞིང་སྡེའི་ཏང་ཡོན་རྒན་པ། ལས་འཁྱུར་ངལ་གསོའི་ཐོབ་ཐང་ལོངས་སྤྱོད་བྱེད་མ་ཐུབ་པའི་གྲོང་རྡལ་གྱི་ཏང་ཡོན་རྒན་པ་བཅས་ལ་མི་རེར་སྒོར360བཅས་ཡིན། ཐེངས་འདིའི་ཁ་གསབ་བྱེད་ཡུལ་མང་ཚོགས་ཁྲི66.262ཡོད་ལ། དེ་ནང་གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་སྲུང་བྱེད་ཡུལ་མི་ཁྲི22.98དང་ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་བྱེད་ཡུལ་མི་ཁྲི39.95། ཞིང་སྡེའི་ལྔ་སྐྱོང་ཁྱིམ་ཚང་གི་གསོ་སྐྱོང་བྱེད་ཡུལ་མི་ཁྲི2.28། རྒྱལ་ཁབ་ཀྱི་འཆི་གོད་ཁ་གསབ་གཟིགས་སྐྱོང་བྱེད་ཡུལ་དང་ཀྲུང་གོ་གསར་བ་མ་བཙུགས་སྔོན་ལ་ཏང་ནང་དུ་ཞུགས་པའི་ཏང་ཡོན་རྒན་པ་དང་ལས་འཁྱུར་ངལ་གསོའི་ཐོབ་ཐང་ལོངས་སྤྱོད་བྱེད་མ་ཐུབ་པའི་གྲོང་རྡལ་གྱི་ཏང་ཡོན་རྒན་པ་མི་ཁྲི1.41ཡོད།

རྒྱལ་ཁབ་ཀྱི་བླང་བྱ་ལྟར་ན། ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་ངེས་པར་དུ་ལོ་སྔར་སྔོན་ལ་མང་ཚོགས་ལག་ཏུ་སྟེར་དགོས། ཞིང་ཆེན་དམངས་སྲིད་ཐིན་དང་ནོར་སྲིད་ཀྱིས་མཐོང་ཆེན་བྱས་པ་བརྒྱུད་ས་གནས་སོ་སོས་དངོས་གནས་འགོ་ཁྲིད་ལ་ཤུགས་བསྣན་ཏེ་མྱུར་ཏུ་ལག་བསྟར་བྱེད་པ་དང་། ནན་ཏན་སྒོས་ཁ་གསབ་བྱེད་ཡུལ་ལ་ཞིབ་བཤེར་དང་བགོ་སྤྲོད་གོ་རིམ་ཚད་ལྡན་དུ་བཏང་སྟེ། ཆེད་དངུལ་ཆེད་སྤྱོད་ལ་ཁག་ཐེག་བྱེད་པ་དང་། བགོ་སྤྲོད་གནས་ཚུལ་ཚགས་པར་གྱི་ལམ་ནས་དུས་ལྟར་སྙན་ཞུ་བྱེད་དགོས་པ་མ་ཟད། 2013ལོའི་ཟླ2པའི་ཚེས4ཡར་སྔོན་ལ་དཀའ་ངལ་མང་ཚོགས་ཀྱི་ལག་ཏུ་སྤྲད་དེ། དཀའ་ངལ་མང་ཚོགས་ཀྱིས་བདེ་འཇགས་ངང་དགུན་བསྐྱལ་བ་དང་དགའ་སྤྲོའི་ངང་ལོ་སར་ཐུབ་དགོས་པའི་བླང་བྱ་བཏོན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག