མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ད་ལོ་ནས་བཟུང་མཚོ་སྔོན་གྱིས་ཞིང་ཆེན་དྲུག་དང་མཉམ་སྦྲེལ་སྒོས་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུ་རེད།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-01-26 10:46

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན6གི་གསོ་སྦྱོང་ཐོན་ཁུངས་ལ་བརྟེན་ནས་དུས་ཡུན་རིང་འབྲིང་གི་ནུས་རྩལ་དང་ལས་སྐྲུན་གསོ་སྦྱོང་བྱས་ཏེ། ལས་ཞུགས་དང་ཡང་བསྐྱར་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུ་རེད། གསོ་སྦྱོང་ལས་གཞི་འདིའི་འཆར་གཞི་ལྟར་ན་དུས་ཡུན་ལོ་གསུམ་རིང་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་ཁྲི་གཅིག་ལྷག་ལ་གསོ་སྦྱོང་བྱེད་རྒྱུ་ཡིན་པ་དང་། དུས་མཚུངས་སུ་བྱ་དགའ་དང་ཁ་གསབ། སྤྱི་ཚོགས་འགན་སྲུང་སོགས་ཐད་ཀྱི་སྲིད་ཇུས་བཏོན་ནས་ཁེ་ལས་ནང་མཐོ་རིམ་མཐར་ཕྱིན་སློབ་མ་ལས་ཞུགས་བྱེད་པར་སྐུལ་མ་གཏོང་རྒྱུ་རེད།

སྤྱི་ཟླ1པོའི་ཚེས22ཉིན། སྲིད་གྲོས་ཨུ་ཡོན་ནམ་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱི་ཐིན་ཀྲང་ཅི་རིན་ཧྥིན་གྱིས་མཚམས་སྦྱོར་བྱེད་རྒྱུར། མིག་སྔར་མཐོ་རིམ་མཐར་ཕྱིན་སློབ་མ་ལས་ཞུགས་བྱེད་དཀའ་བའི་རྒྱུ་རྐྱེན་གཙོ་བོ་ནི་འདུ་ཤེས་ཀྱི་གནད་དོན་དང་ཐབས་ལམ་གནད་དོན། སྤུས་ཚད་གནད་དོན་བཅས་ཡིན། མི་སྐོར་ཞིག་གིས་འདུ་ཤེས་རྙིང་བ་བཅིངས་ཏེ་གཞུང་ཞབས་པ་དང་ལས་དོན་ལས་ཁུངས་སུ་བྱ་བ་མ་སྒྲུབ་ན་ལས་ཞུགས་མ་བྱས་པར་ངོས་འཛིན་བཞིན་ཡོད། གཞན་ཡང་མཚོ་སྔོན་ནི་ཐོན་ཁུངས་ཆེན་པོ་ལྡན་པའི་ཞིང་ཆེན་ཞིག་ཡིན་ལ། མཚོ་སྔོན་ལྷོ་རྒྱུད་སོགས་སྐྱེ་ཁམས་སྲུང་སྐྱོང་ཁུལ་དུ་ཕལ་ཆེར་བཟོ་ལས་མེད་པས་ལས་ཞུགས་ཐབས་ལམ་ཧ་ཅང་དོག དེ་ལས་གཞན་མཐོ་རིམ་མཐར་ཕྱིན་སློབ་མ་མང་པོ་ཞིག་གི་ཆེད་ལས་ཀྱིས་ལས་ཞུགས་བྱེད་དཀའ་བའི་གནས་ཚུལ་བཟོས་ཡོད་པས། 2010ལོ་ནས་བཟུང་མཚོ་སྔོན་དུ་སྒྲིག་གཞི་རང་བཞིན་གྱི་དགོས་མཁོ་མངོན་ཡོད་ལ། གཙོ་བོ་ནི་ལག་རྩལ་བཟོ་བ་དང་མཐོ་རིམ་ཞིབ་འཇུག་གསར་སྤེལ་མི་སྣ་བསྡུ་ལེན་བྱེད་དཀའ་བ་དང་། མི་སྣ་བསྡུ་ལེན་བྱས་ཀྱང་ཉར་སྤྱོད་བྱེད་དཀའ་བའི་གནད་དོན་བྱུང་ཡོད།

རྗེས་ཕྱོགས་སུ་མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས་ཐོག་མར་ལས་ཞུགས་མ་བྱས་པའི་སློབ་གྲྭ་ཆེ་འབྲིང་གི་མཐར་ཕྱིན་སློབ་མ་ལས་ཞུགས་བྱེད་པ་གཙིགས་སུ་བཟུང་སྟེ། མཐོ་རིམ་མཐར་ཕྱིན་སློབ་མ་གསོ་སྦྱོང་བཟོ་འགོད་ལག་བསྟར་བྱས་ནས་ལོ་གསུམ་ནས་ལོ་ལྔའི་རིང་མཚོ་སྔོན་གྱི་ལས་ཞུགས་མ་བྱས་པའི་མཐོ་རིམ་མཐར་ཕྱིན་སློབ་མ་དག་སྐོར་བགོས་ནས་ཞིང་ཆེན་ཕྱི་ནང་དུ་ལས་ཞུགས་བྱེད་པ་དང་། ཁོ་ཚོའི་འདོད་བློ་དང་ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོར་གཞིགས་ཏེ་གསོ་སྦྱོང་བྱེད་རྒྱུ་རེད། གཙོ་བོ་ནི་རྒྱལ་ཡོངས་ཀྱི་ཞིང་ཆེན6གིས་མཚོ་སྔོན་གྱི་ཁུལ6ལ་ཁ་གཏད་རོགས་སྐྱོར་བྱེད་པའི་གོ་སྐབས་བེད་སྤྱད་དེ། ཞིང་ཆེན6གི་གསོ་སྦྱོང་ཐོན་ཁུངས་ལ་བརྟེན་ནས་དུས་ཡུན་རིང་འབྲིང་གི་ནུས་རྩལ་དང་ལས་སྐྲུན་གསོ་སྦྱོང་བྱས་ཏེ་ལས་ཞུགས་དང་ཡང་བསྐྱར་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག