མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

སྲིད་གྲོས་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་དང་པོས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-25 11:28

1.jpg

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་དང་པོས་དེ་རིང(ཚེས25ཉིན)སྔ་དྲོར་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས། རྒྱུན་ལས་ཀྲུའུ་ཞི་པའོ་དབྱི་ཀྲི་དང་ལིས་ཞོན་ཧྲིན་གཉིས་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད།
2.jpg

ཚོགས་འདུར་ཞུགས་པའི་མགོ་ཁྲིད་དག

3.jpg

ཨུ་ཡོན་མཱ་ཅིན་ཀང་གིས་གཏམ་བཤད་བཞིན་པ།

6.jpg

ཨུ་ཡོན་རྣམས་ཀྱིས་གཏམ་བཤད་ལ་ཉན་བཞིན་པ། 

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་དང་པོས་སྤྱི་ཟླ1པོའི་ཚེས25ཉིན་གྱི་སྔ་དྲོར་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།

    ཨུ་ཡོན་བཅུ་ཐམ་པས་གནས་སྐོར་ལས་རིགས་དང་སྤྱི་ཚོགས་རྒན་གསོ་ཞབས་ཞུ་སོགས་ཀྱི་གནད་དོན་ཐད་ནས་གཏམ་བཤད།

    ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་པའོ་དབྱི་ཀྲི་དང་ལིས་ཞོན་ཧྲིན་གཉིས་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཞུའུ་ཧྥུའུ་ཧྲོན་དང་། རྡོ་རྗེ་རབ་བརྟན། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ཀྲང་ཀོང་རོང་དང་མ་ཧྲོན་ཆིན། སྲིད་གྲོས་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་རིན་ཆེན་རྒྱལ་དང་། ཁྲིན་ཙི་ཆོན། རིན་ཆེན་རྣམ་རྒྱལ། མཱ་ཀྲི་ཝེ། མཱ་ཁྲང་ཆིན། ཅི་རིན་ཧྥིན། གཟིམ་ཁང་ཚང་བཅས་ཚོགས་འདུར་ཞུགས།

    ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་ཚོགས་འདུར་ཞུགས་ནས་གཏམ་བཤད་ལ་ཉན།

    ཚོགས་འདུའི་སྟེང་ཨུ་ཡོན་མཱ་ཅིན་ཀང་གིས་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ཁ་ཡིག་ལ་མཚོ་སྔོན་གྱི་གནས་སྐོར་ལས་རིགས་འཕེལ་རྒྱས་ཀྱི་ཆུ་ཚད་དང་རིམ་པ་སྔར་ལས་ཇེ་མཐོར་གཏོང་དགོས་ཞེས་པའི་གཏམ་བཤད་པ་དང་། ཨུ་ཡོན་ཀའོ་ཧྲིན་ཡའོ་ཡིས་ཀྲུང་གོ་དམངས་གཙོ་མནའ་མཐུན་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ཁ་ཡིག་ལ་མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་རྒན་གསོ་ཞབས་ཞུའི་མ་ལག་འཛུགས་སྐྲུན་ཐད་ཀྱི་བསམ་གཞིགས་འགའ་ཞེས་པའི་གཏམ་བཤད། ཨུ་ཡོན་ཝང་ཅན་མེན་གྱིས་ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ཁ་ཡིག་ལ་ཁེ་ལས་དང་སློབ་གྲྭའི་མཉམ་ལས་ཇེ་དམ་དུ་བཏང་ནས་རིམ་པ་མཐོ་བའི་ཉེར་མཁོ་རང་བཞིན་གྱི་མི་སྣ་འཇོན་ཐང་ཅན་མྱུར་དུ་སྐྱེད་སྲིང་བྱེད་དགོས་ཞེས་པའི་གཏམ་བཤད། ཨུ་ཡོན་ཧི་ཀང་གིས་ཞིང་བཟོ་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ཁ་ཡིག་ལ་ཞིང་ལས་ཐོན་རྫས་ཀྱི་འདོན་སྤྲོད་དང་རིན་གོང་སྙོམས་སྒྲིག་ཚོད་འཛིན་བྱ་བར་ཤུགས་བསྣན་ཏེ་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ཚོར་བ་ཇེ་ཆེར་གཏོང་དགོས་ཞེས་པའི་གཏམ་བཤད། ཨུ་ཡོན་ཁོང་ཡུང་གིས་མཚོ་སྔོན་ཞིང་ཆེན་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚབ་བྱས་ཏེ་ཁ་ཡིག་ལ་གསར་སྐྲུན་སྐུལ་འདེད་ཀྱི་འཐབ་ཇུས་ལག་བསྟར་བྱས་ཏེ་དམངས་གཉེར་དཔལ་འབྱོར་གྱི་རྣམ་པ་བསྒྱུར་བ་དང་རིམ་པ་འཕར་བར་སྐུལ་འདེད་གཏོང་དགོས་ཞེས་པའི་གཏམ་བཤད། ཨུ་ཡོན་སོ་ཧེ་ཆིན་གྱིས་སྲིད་གྲོས་མཚོ་ཤར་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ཁ་ཡིག་ལ་གཏེར་ཁ་ཞཱི་སྔོག་འདོན་དང་བཀོལ་སྤྱོད་བྱེད་པར་རྒྱབ་སྐྱོར་ཆེན་པོ་བྱས་ཏེ་མཐོ་སྒང་གི་གཏེར་ཁ་ཞཱི་ཡི་ཁྱད་ཆོས་ལྡན་པའི་ཐོན་ལས་འཛུགས་སྐྲུན་བྱེད་དགོས་ཞེས་པའི་གཏམ་བཤད། ཨུ་ཡོན་ཝང་ཧྭ་ཕེན་གྱིས་ཁ་ཡིག་ལ་མི་རིགས་ཆོས་ལུགས་རིག་གནས་དར་སྤེལ་བྱེད་པའི་སྐོར་གྱི་གྲོས་གཞི་ཞེས་པའི་གཏམ་བཤད། ཨུ་ཡོན་ཁྲིན་སུའུ་ཡིས་ཁ་ཡིག་ལ་སློབ་གསོའི་འདྲ་མཉམ་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པའི་སྐོར་གྱི་གྲོས་གཞི་ཞེས་པའི་གཏམ་བཤད། ཨུ་ཡོན་ཀུའུ་ཞའོ་ཧིན་གྱིས་ཁ་ཡིག་ལ་བོད་ཀྱི་ས་གདན་གྱི་ཁྱད་ཆོས་ལྡན་པའི་མི་རིགས་ཐོན་ལས་དར་རྒྱས་སུ་བཏང་ནས་སྟོབས་ཤུགས་ཡོད་དགུས་འཛམ་གླིང་གི་བོད་ཀྱི་ས་གདན་གྲོང་ཁྱེར་གྱི་མཚན་སྙན་བསྐྲུན་དགོས་ཞེས་པའི་གཏམ་བཤད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག