མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ལོ་ཧོས་ཉིན་གྱིས་ཉིས་སྟོང་ཉི་ཤུ་ལོའི་བར་དུ་དམངས་གཉེར་དཔལ་འབྱོར་གྱིས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་གྱི་ཕྱེད་ཀ་ཟིན་དགོས་ཞེས་བཤད་པ།

རྩོམ་པ་པོ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-25 11:25

9999.jpg

སྤྱི་ཟླ1པོའི་ཚེས24ཉིན། ཧྲིན་ཀྲང་ལོ་ཧོས་ཉིན་མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་དང་པོའི་དཔལ་འབྱོར་བཟོ་ཚོང་མཉམ་འབྲེལ་ཚན་ཁག་གི་གྲོས་ཞིབ་ལ་ཞུགས་ནས་ཨུ་ཡོན་རྣམས་ཀྱི་གཏམ་བཤད་ཉན།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ལོ་ཧོས་ཉིན་མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་དང་པོའི་དཔལ་འབྱོར་དང་བཟོ་ཚོང་མཉམ་འབྲེལ་ཚན་ཁག་གི་གྲོས་བསྡུར་ལ་ཞུགས་ནས་བཤད་རྒྱུར། དམངས་གཉེར་ཁེ་ལས་ཀྱིས་གནས་བབ་ཆེན་པོ་གསལ་བོར་ཤེས་པར་བྱེད་པ་དང་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ནས། ཉིས་སྟོང་ཉི་ཤུ་ལོའི་བར་དུ་དམངས་གཉེར་དཔལ་འབྱོར་གྱིས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་གྱི་ཕྱེད་ཀ་ཟིན་དགོས་ཟེར།

    ཚོགས་ཐོག་ཏུ་ལོ་ཧོས་ཉིན་གྱིས་ཚང་མའི་གཏམ་བཤད་ལ་ཉན་རྗེས་བཤད་རྒྱུར། «སྲིད་གཞུང་བྱ་བའི་སྙན་ཞུའི»་ནང་དུ་རིགས་སོ་སོའི་ཚོང་རའི་གསོན་ཤུགས་སྔར་ལས་ཇེ་ཆེར་གཏོང་བ་དང་། ལྷག་པར་དུ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་བཏོན་པའི་ཇུས་གཞི་དང་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་ནས། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཐད་ལ་སྔར་ལས་མང་བའི་སྟེགས་བུ་འདོན་སྤྲོད་བྱས་ཡོད་ལ། ཞིང་ཆེན་ཡོངས་ཀྱི་དམངས་གཉེར་ཁེ་ལས་ཀྱིས་གནས་བབ་ཆེན་པོ་གསལ་བོར་ཤེས་བྱེད་པ་དང་འཕེལ་རྒྱས་ཀྱི་གོ་སྐབས་བཟང་བོ་དམ་འཛིན་བྱས་ནས། དམངས་གཉེར་དཔལ་འབྱོར་གྱི་འཕེལ་རྒྱས་ཆེན་པོར་སྐུལ་འདེད་དགོས་ཞེས་གསལ་བོར་བསྟན་ཡོད། དེ་བས་ཞིང་ཆེན་ཡོངས་ཀྱི་ཁེ་ལས་ཀྱིས་རང་སྟེང་གི་བྱང་ཚད་མུ་མཐུད་དུ་ཇེ་མཐོར་གཏོང་བ་དང་། ཧུར་ཐག་སྒོས་དེང་རབས་ཁེ་ལས་ལམ་ལུགས་འཛུགས་དགོས་ལ། ཁྲིམས་ལྟར་ཡིད་རྟོན་རུང་བའི་བདག་གཉེར་རྒྱུན་འཁྱོངས་བྱས་ནས། ཁེ་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་སྔར་ལས་ཇེ་ཆེར་གཏོང་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག