མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཚོགས་ཆེན་གཉིས་སུ་ཞུགས་པའི་འཐུས་མི་དང་ཨུ་ཡོན་རྣམས་ཀྱིས་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་བསྡུར་བྱས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-25 10:56

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ1པོའི་ཚེས24ཉིན་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་འཐུས་མི་དང་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་ཨུ་ཡོན་རྣམས་ཀྱིས་མུ་མཐུད་དུ«སྲིད་གཞུང་བྱ་བའི་སྙན་ཞུར»གྲོས་ཞིབ་དང་གྲོས་བསྡུར་བྱས། འཐུས་ཚབ་ཚོགས་པ་སོ་སོའི་ཚན་ཆུང་གི་གྲོས་ཚོགས་ཀྱི་ཡུལ་དངོས་ནས་འཐུས་མི་དང་ཨུ་ཡོན་རྣམས་ཀྱིས་རང་སྟེང་གི་བྱ་བའི་དོན་དངོས་དང་ཟུང་དུ་སྦྲེལ་ནས། ལང་ལོང་སྒོས་གཏམ་བཤད་པ་དང་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་ལ་བློ་འདོན་ཇུས་འབུལ་བྱས།

ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་རིན་ཆེན་རྒྱལ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཞུའུ་ཧྥུའུ་ཧྲོན། ལོ་ཡུས་ལིན། ཅི་ཏི་མ་ཅ། ཝང་ལིན་ཅོན། ཝང་ཞོ་ཆིན། སུའུ་ཉིན། བུའུ་ཡུས་ཏི། མའོ་ཞོ་པེན། བསྟན་ཁོ་སོགས་འཐུས་ཚབ་ཚོགས་པའི་ཚན་ཆུང་སོ་སོར་ཞུགས་ནས་གྲོས་ཞིབ་དང་གྲོས་བསྡུར་བྱས།

འཐུས་མི་དང་ཨུ་ཡོན་རྣམས་ཀྱིས་བལྟས་ན། སྲིད་གཞུང་བྱ་བའི་སྙན་ཞུ་ལས་ཉིས་སྟོང་བཅུ་གཉིས་ལོའི་སྲིད་གཞུང་བྱ་བར་སྤྱི་བསྡོམས་དང་ཕྱིར་དྲན་བྱས་པ་དང་། ཉིས་སྟོང་བཅུ་གསུམ་ལོའི་དམིགས་འབེན་ལས་འགན་ཚན་རིག་དང་མཐུན་པའི་སྒོ་ནས་གཅིག་གྱུར་འཆར་འགོད་དང་བཀོད་སྒྲིག་བྱས་ནས། དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་སོགས་ལྔ་གཞི་གཅིག་ཏུ་གྲུབ་པའི་གོ་རིམ་ཧྲིལ་བོར་ཁེབས་ཡོད། དམངས་ཀྱི་འཚོ་བ་ཇེ་བཟང་དུ་གཏོང་བར་དོ་སྣང་བྱེད་པ་དེ་སྲིད་གཞུང་བྱ་བའི་ཕྱོགས་སོ་སོར་འབྲེལ་བར་བྱེད་དགོས་པ་དང་། མི་དམངས་མང་ཚོགས་ཀྱི་དོན་དུ་དོན་བཟང་སྒྲུབ་ནས་དཀའ་ཁག་ཐག་གཅོད་རོགས་བྱེད་པ་དེས་སྲིད་གཞུང་གིས་དམངས་ཀྱི་འཚོ་བ་ཇེ་བཟང་དུ་གཏོང་བར་ཆོད་སེམས་བཅངས་བ་དེ་མཚོན་ཡོད་སྙམ།

འྭཐུས་མི་དང་ཨུ་ཡོན་རྣམས་ཀྱིས་བལྟས་ན། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པ་ལས་བཏོན་པའི་བབ་བསྟུན་མདུན་སྐྱོད་ཀྱི་སྒོ་ནས་གསར་བ་གཉིས་ཀྱི་དམིགས་འབེན་དང་ས་ཁུལ་གསུམ་གྱི་འཐབ་ཇུས་བཏོན་ཞིང་། དམིགས་འབེན་ལས་འགན་དེ་གཉིས་མངོན་འགྱུར་བྱེད་དགོས་ན། རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་དགོས་པ་དང་དེའི་ལས་འགན་ཧ་ཅང་ལྗིད། ང་ཚོས་མུ་མཐུད་དུ་མཚོ་སྔོན་གསར་བ་མངོན་འགྱུར་བྱེད་པའི་སྙིང་སྟོབས་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཞིང་ཆེན་གྱི་གནས་ཚུལ་གསལ་བོར་ཤེས་པ། དམངས་ཀྱི་འདོད་བློར་རྐང་འཛུགས་པ། སྐྱེ་ཁམས་དཔལ་ཡོན་སྤེལ་བ་བཅས་ཀྱི་འདུ་ཤེས་ལྟར་སྐྱེ་ཁམས་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་འབྲེལ་བ་ཐག་གཅོད་བཟང་བོ་བྱེད་དགོས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བའི་འདུ་ཤེས་ལྟར་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་ཡར་སྐུལ་བྱས་ན། ད་གཟོད་མཚོ་སྔོན་གྱི་དོན་དངོས་དང་མཐུན་ཞིང་། མཚོ་སྔོན་གྱི་ཁྱད་ཆོས་མཚོན་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་ཞིག་གསར་གཏོད་བྱེད་ཐུབ་པ་དང་། རྒྱལ་ཡོངས་མི་དམངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་ཐུབ་སྙམ། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག