མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་དམངས་ཁྲོད་མ་རྩའི་དངུལ་གཏོང་གི་ཁྱབ་ཁོངས་ཇེ་ཡངས་སུ་བཏང་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཞིན་ཧྭ་དྲ་བ།  2013-01-25 10:56

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན་མཚོ་སྔོན་ཞིང་ཆེན་གྱིས་དམངས་ཁྲོད་དངུལ་གཏོང་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་མ་དང་སྣེ་ཁྲིད་བྱེད་པའི་སྐོར་གྱི་ལག་བསྟར་བསམ་འཆར་བཏོན་ནས་དམངས་ཁྲོད་མ་རྩའི་དངུལ་གཏོང་གི་ཁྱབ་ཁོངས་ཇེ་ཆེར་བཏང་བ་མ་ཟད་དངུལ་གཏོང་གི“ལྗང་མདོག་བགྲོད་ལམ”བཏོད་དེ། དམངས་གཉེར་དཔལ་འབྱོར་མགྱོགས་མྱུར་དང་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་།

“ལག་བསྟར་བསམ་འཆར”འདིར་གཞིགས་ན། མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་གཏན་འཁེལ་བྱས་པའི་དམངས་ཁྲོད་མ་རྩ་གཏོང་བའི་དངུལ་གཏོང་ཁྱབ་ཁོངས་ལ་སྐུལ་མ་དང་སྣེ་ཁྲིད་བྱེད་པ་དང་། རྒྱལ་ཁབ་ཁྲིམས་ལུགས་ཀྱིས་མངོན་གསལ་སྒོས་བཀག་འགོག་བྱས་མེད་འི་ལས་རིགས་དང་ཁྱབ་ཁོངས་གཞན་པ་དག་དམངས་ཁྲོད་མ་རྩར་ཕྱོགས་ཡོངས་ནས་སྒོ་འབྱེད་བྱས་པ་དང་། དེའི་ནང་གཞུང་ལམ་དང་གནམ་གྲུ་ཐང་སོགས་རྨང་གཞི་སྒྲིག་ཆས་དང་རྨང་གཞི་ཐོན་ལས་ཁྱབ་ཁོངས། གྲོང་ཁྱེར་སྲིད་འཛིན་སྤྱི་བའི་ལས་དོན། སྲིད་ཇུས་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་ཁྱབ་ཁོངས། སྤྱི་ཚོགས་ལས་དོན་ཁྱབ་ཁོངས། དངུལ་རྩའི་ཞབས་ཞུ་ཁྱབ་ཁོངས། གནས་སྐོར་ལས་རིགས་སོགས་ཚུད་ཡོད།

“ལག་བསྟར་བསམ་འཆར”འདིས་ད་རུང་དམངས་ཁྲོད་དངུལ་གཏོང་གི་ནོར་ཁྲལ་དང་དངུལ་རྩ། ས་ཁོངས་སོགས་ཀྱི་ཐད་ལ་གཞིགས་ཏེ་གཟིགས་སྐྱོང་སྲིད་ཇུས་བཏོན་ཡོད་པ་དང་། རྒྱལ་ཁབ་ཐོན་ལས་དར་རྒྱས་མཛུབ་སྟོན་དཀར་ཆག་དང་འཚམ་པའི་དམངས་གཉེར་ཁེ་ལས་སྐུལ་སྤེལ་བྱེད་པའི་འཕེལ་རྒྱས་ལས་གཞི་ལ་མཚོ་སྔོན་ཞིང་ཆེན་འབྲེལ་ཡོད་སྡེ་ཁག་སོ་སོས་འོས་འཚམ་གྱིས་དངུལ་བུན་སྐྱེད་ཀ་དང་ཁ་གསབ་རོགས་སྐྱོར་བྱེད་རྒྱུ་ཡིན་ལ། ལས་གཞིའི་དངུལ་བུན་ལ་རྩ་དོན་སྟེང་ལོ་གསུམ་རིང་གི་སྐྱེད་ཀའི་རོགས་སྐྱོར་བྱེད་རྒྱུ་རེད། དུས་མཚུངས་སུ། དམངས་ཁྲོད་མ་དངུལ་བཏང་སྟེ་སྒྲུབ་པའི་ས་ཁོངས་བགོ་བཀོལ་དཀར་ཆག་དང་འཚམ་པའི་སྙིང་རྗེ་ལས་ཁུངས་ལ་རྒྱལ་ཁབ་མངའ་ཁོངས་ཀྱི་ས་ཁོངས་བགོ་བཀོལ་རྣམ་པས་ས་ཁོངས་མཁོ་འདོན་བྱེད་རྒྱུ་རེད།

གཞན་ཡང་མ་དངུལ་སྒོར་ཁྲི1000ཡན་གྱི་དམངས་ཁྲོད་དངུལ་གཏོང་ལས་གཞི་ལ་མཚོ་སྔོན་ཞིང་ཆེན་འབྲེལ་ཡོད་སྡེ་ཁག་གིས“ལྗང་མདོག་བགྲོད་ལམ”བཙུགས་ནས་ལས་སྒྲུབ་གོ་རིམ་ཁྲོད་ཀྱི་འབྲེལ་ཡོད་ཞིབ་མཆན་བྱ་བ་ལག་བསྟར་བྱེད་རྒྱུ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག