མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱི་ལྕགས་རིགས་གཏེར་ཁའི་ལས་རིགས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་ཕྱིན་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-01-25 10:55

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2013ལོའི་སྤྱི་ཟླ1པོའི་ཚེས21ཉིན་ནས་ཚེས22ཉིན་བར་དུ། མཚོ་སྔོན་ཞིང་ཆེན་སྡོད་ཁང་དང་ཤང་གྲོང་འཛུགས་སྐྲུན་ཐིན་གྱིས་མཚོ་སྔོན་ཀྲིན་ཡོན་གཏེར་ཁའི་ལས་རིགས་ཚད་ཡོད་ཀུང་ཟིའི་ལོ་རེར་ལྕགས་གཏེར་ཏུན་ཁྲི240སྔོག་འདོན་བྱེད་པའི་བཟོ་འགོད་ཀྱི་ཐོག་མའི་ཇུས་འགོད་ལ་ཞིབ་དཔྱད་ཐོབ་ལ། མཚོ་སྔོན་གྱི་ལྕགས་རིགས་གཏེར་ཁའི་ལས་རིགས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱེད་པར་ལག་རྩལ་གྱི་འགན་སྲུང་ཐོབ། ལས་གཞི་འདི་མཚོ་སྔོན་གྱི“བརྒྱ་གཉིས”ཀྱི་ལས་གཞི་དང་གཙོ་གནད་བཟོ་ལས་ལག་རྩལ་འཕེལ་རྒྱས་ལས་གཞིའི་གྲས་ཡིན་ལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་གི་ཆི་ལེན་རི་བོའི་ནུབ་བྱང་མཚམས་ཀྱི་འབྲོང་ལུང་ཤང་དུ་བཙུགས་ཡོད་པ་དང་། ལས་གཞི་ལ་གཏེར་ཁ་སྔོག་འདོན་ཡུལ་དངོས་དང་གཏེར་རིགས་དཔྱད་འདེམ་བཟོ་གྲྭ གཏེར་ཁ་ཉར་ཚགས་ཁང་བཅས་ལས་གཞི་ཆུང་བ3ཡོད་ཅིང་། ལོ་རེའི་གཏེར་ཁ་སྔོག་འདོན་བྱེད་ཡུལ་ཏུན་ཁྲི240དང་ལོ་རེར་སྤུས་ཚད་ལེགས་པའི་ལྕགས་རིས་ཏུན78ཐོན་སྐྱེད་བྱེད་ཐུབ་པའི་ཇུས་འགོད་བཟོས་ཡོད། །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག