མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཆཱང་ཝེ་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་ཏེ་སྲིད་གྲོས་བྱ་བའི་སྙན་ཞུར་གྲོས་བསྡུར་བྱས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-25 10:22

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ1པོའི་ཚེས24ཉིན་གྱི་སྔ་དྲོར་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཆཱང་ཝེ་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་དམངས་གཙོ་ཏང་ཁག་སོ་སོ་དང་། ཏང་ཁག་གང་ལའང་མི་གཏོགས་པ། ཐེ་ཝན་མཉམ་འབྲེལ་ལྷན་ཚོགས། ཕྱིར་སྡོད་རང་མི་མཉམ་འབྲེལ་ལྷན་ཚོགས། ཐེ་ཝན་མཛའ་མཐུན། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་མཉམ་འབྲེལ་ལྷན་ཚོགས། བཟོ་ཚོགས་བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་ཚན་ཆུང་གྲོས་བསྡུར་ལ་ཞུགས་ནས་ཨུ་ཡོན་རྣམས་དང་མཉམ་དུ་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་བསྡུར་བྱས།

ཨུ་ཡོན་རྣམས་ཀྱིས་བྱ་བའི་དོན་དངོས་དང་ཟུང་དུ་སྦྲེལ་ནས་ལང་ལོང་སྒོས་གཏམ་བཤད་པ་དང་གྲོས་བསྡུར་བྱས། ཚང་མས་གཏམ་བཤད་ལ་ཉན་རྗེས། ཆཱང་ཝེ་ཡིས་བསྟན་དོན། དུས་ཡུན་རིང་བོའི་ཚུན་ལ། སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་ཞིང་ཆེན་ཡོངས་ཀྱི་བྱ་བའི་དཀྱིལ་སྙིང་ལ་དམ་པོར་དམིགས་པ་དང་། ནན་ཏན་སྒོས་འགན་འཁྲི་ལག་བསྟར་བྱས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་གལ་ཆེན་བཞག་ཟེར། དེང་སྐབས་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སྟོབས་ཤུགས་ཆེན་པོས“ འཕེལ་རྒྱས་བཞིའི”བྱ་བ་ཇེ་མགྱོགས་སུ་གཏོང་བཞིན་པ་དང་། “ ས་ཁུལ”གསུམ་འཛུགས་སྐྲུན་བྱེད་པར་ཡར་སྐུལ་བྱེད་པ། “ གསར་བ་གཉིས”ཀྱི་བྱ་བའི་དམིགས་འབེན་མངོན་འགྱུར་བྱེད་པར་ཧུར་བརྩོན་བྱེད་བཞིན་ཡོད། ང་ཚོ་ལའང་མཚོ་སྔོན་མངོན་འགྱུར་བྱེད་པའི་རེ་བ་ཆེན་པོ་ཞིག་ཡོད། དེ་ནི་ཉིས་སྟོང་ཉི་ཤུ་ལོར་མཚོ་སྔོན་མི་དམངས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་ཁག་ཐེག་བྱེད་རྒྱུ་དང་། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་བཅོས་སྒྱུར་འཕེལ་རྒྱས་ཀྱི་ཕན་འབྲས་ལོངས་སུ་སྤྱོད་རྒྱུ་དེ་ཡིན་པས། སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་མུ་མཐུད་དུ་རང་སྟེང་གི་ཁྱད་སྟོབས་འདོན་སྤེལ་བྱེད་དགོས་པ་དང་། བློ་འདོན་ཇུས་འབུལ་བྱེད་པ། མཐུན་སྒྲིལ་དམ་པོ་བཅས་བྱས་ནས། མཚོ་སྔོན་གསར་བ་དང་འཚོ་བ་གསར་བ་འཛུགས་སྐྲུན་བྱེད་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱས་རྗེས་གསར་བ་འཇོག་དགོས་པའི་རེ་བ་བཏོན།

ཆཱང་ཝེ་ཡིས་ནན་གྱིས་བསྟན་དོན། མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན། མཚོ་སྔོན་ནི་མི་རིགས་མང་བ་དང་། ཆོས་ལུགས་མང་ཞིང་དར་རྒྱས་མིན་པའི་ནུབ་ཕྱོགས་ཀྱི་ཞིང་ཆེན་ཞིག་ཡིན་པའི་ཆ་ནས། མཐུན་སྒྲིལ་ནི་ཆེ་ཕྱོགས་ཡིན་པ་དང་། མཐུན་སྒྲིལ་བྱས་ན་ད་གཟོད་འཕེལ་རྒྱས་སུ་གཏོང་ཐུབ་པ་དང་། མཐུན་སྒྲིལ་བྱས་ན་ད་གཟོད་བརྟན་འཇགས་ཡོང་ཐུབ་པས། ང་ཚོས་རང་རྟོགས་ཀྱིས་མཐུན་སྒྲིལ་བྱ་བར་སྲུང་སྐྱོང་བྱས་ནས། མཐུན་སྒྲིལ་ཇེ་བརྟན་དུ་གཏོང་དགོས་པ་དང་། སྟོབས་ཤུགས་ཡོད་རྒུས་མཐུན་སྒྲིལ་བྱ་བ་འཕེལ་རྒྱས་སུ་གཏོང་བ། རྒྱུན་ཆད་མེད་པར་ཕྱོགས་སོ་སོའི་སེམས་ཤུགས་གཅིག་སྒྲིལ་གྱི་སྒོ་ནས་འཕེལ་རྒྱས་གླེང་བའི་ངེས་པ་དོན་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས། མི་དམངས་སྲིད་གྲོས་ཀྱིས་ནམ་ཡིན་ཡང་རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་གཉིས་མཐོན་པོར་བསྒྲེངས་ཏེ། ནམ་ཡིན་ཡང་མཐུན་སྒྲིལ་དང་དམངས་གཙོ་གཉིས་བརྗོད་བྱ་གཙོ་ཡིན་པ་དེ་རྒྱུན་འཁྱོངས་བྱས་ནས། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་འདི་ལྟ་བུའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བའི་བྱ་བ་མངོན་འགྱུར་བྱེད་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག