མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་རྫོང་གིས་མང་ཚོགས་ལ་དོན་བཟང་སྒྲུབ་ནས་ཕན་འབྲས་མངོན་གསལ་བླངས་བ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-25 10:22

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་གིས་རྩ་འཛུགས་བྱ་བའི་ལས་བྱེད་པ་གཞི་རིམ་དུ་བསྐྱོད་པ་དང་། དམངས་ཀྱི་གནས་ཚུལ་ཞིབ་འདྲི་བྱེད་པ། དམངས་ཀྱི་དཀའ་ཁག་སེལ་རོགས་བཅས་བྱས་ནས། ལས་ཁུངས་ཀྱི་བྱ་བའི་སྤྱོད་སྟངས་བསྒྱུར་བ་དང་དོན་ངོ་མས་དམངས་ལ་དོན་བཟང་སྒྲུབ།

ལས་ཁུངས་ཀྱི་ལས་བྱེད་པ་དང་མང་ཚོགས་བར་འབྲེལ་འདྲིས་བྱས་ནས་གཞི་རིམ་ལ་ཞབས་ཕྱི་སྒྲུབ་པའི་བྱ་བའི་ཁྲོད་དུ། རྫོང་དེའི་རྩ་འཛུགས་བྱ་བའི་ལས་བྱེད་པས་དམངས་ཀྱི་འདོད་བློར་ཉན་པ་དང་། དམངས་ཀྱི་དཀའ་ཁག་སེལ་རོགས་བྱེད་པ་མགོ་ཚུགས་སར་བརྩིས་ནས། གཅིག་ནས་ཆབ་སྲིད་ཀྱི་བྱེད་ཐབས་མང་ཚོགས་ལ་འདྲི་བ་དང་། མང་ཚོགས་ལ་དགོས་མཁོ་འདྲི་བ། ཐབས་ཇུས་མང་ཚོགས་ལ་དྲིས་པའི་ཞོར་དུ། གཞི་རིམ་དུ་བསྐྱོད་པ་དང་། དམངས་ཀྱི་གནས་ཚུལ་ཞིབ་འདྲི་བྱས་པ། དམངས་ཀྱི་དཀའ་ཁག་སེལ་རོགས་བྱེད་པའི་ཆེད་དོན་བྱ་འགུལ་དང་ལས་ཁུངས་ཀྱི་ལས་བྱེད་པ་དང་འབྲེལ་འདྲིས་བྱས་ནས་གཞི་རིམ་ལ་ཞབས་ཕྱི་སྒྲུབ་པའི་བྱ་འགུལ་དང་ཟུང་དུ་སྦྲེལ་ནས། རང་འགུལ་གྱིས་འབྲེལ་གཏུག་བྱེད་སའི་ལས་ཁུངས་དང་གཞི་རིམ་སྡེ་བ་དང་ཧྲེ་བཅས་སུ་སོང་ནས་དམངས་ཀྱི་འདོད་བློ་རྒྱུས་ལོན་ཟབ་མོ་བྱས་ནས། མང་ཚོགས་ཀྱི་དོན་དངོས་དང་དཀའ་ཁག་སེལ་རོགས་བྱེད་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག