མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ལོ་ཧོས་ཉིན་དང་ཝང་ཅན་ཅོན་སོགས་སོ་སོར་འཐུས་ཚབ་ཚོགས་པ་སོ་སོའི་གྲོབ་ཞིབ་ལ་ཞུགས་པ།

རྩོམ་པ་པོ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-24 11:37

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ1པོའི་ཚེས23ཉིན་གྱི་ཕྱི་དྲོར། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་འཐུས་མི་དང་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་ཨུ་ཡོན་རྣམས་ཀྱིས་ཚན་ཆུང་བགོས་ཏེ་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་ཞིབ་ནན་མོ་བྱས། འཐུས་མི་དང་ཨུ་ཡོན་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་སྒོས་གཏམ་བཤད་པ་དང་བློ་འདོན་ཇུས་འབུལ་བྱས་ཏེ། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོར་བའི་སྣང་ཚུལ་གྱིས་ཁེངས་འདུག

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལོ་ཧོས་ཉིན་མཚོ་ནུབ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཅན་ཅོན་ཟི་ལིང་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་རིན་ཆེན་རྒྱལ་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཞུའུ་ཧྥུའུ་ཧྲུན། ལོ་ཡུས་ལིན། ཅི་ཏིས་མཱ་ཅ། ཆི་ཡུས། ཝང་ལིན་ཅོན། ཝང་ཞོ་ཆིན། སུའུ་ཉིན། བུའུ་ཡུས་ཏེ། མའོ་ཞོ་པིན། བསྟན་ཁོ་བཅས་སོ་སོར་འཐུས་ཚབ་ཚོགས་པ་སོ་སོའི་གྲོས་བསྡུར་ལ་ཞུགས།

འཐུས་མི་དང་ཨུ་ཡོན་རྣམས་ཀྱིས་བལྟས་ན། སྲིད་གཞུང་བྱ་བའི་སྙན་ཞུའི་ནང་དོན་གཏིང་ཟབ་པས། དེ་ནི་ཞིང་ཆེན་སྲིད་གཞུང་གིས་ཀྲུང་དབྱང་གི་ཆོད་དོན་བརྒྱད་ལག་ལེན་མཐར་ཕྱིན་བྱེད་པ་དང་། རྩོམ་གཤིས་ཇེ་ལེགས་སུ་བསྒྱུར་བའི་བྱ་སྤྱོད་དངོས་ཤིག་ཡིན་ལ། དངོས་ཐོག་བདེན་འཚོལ་དང་དོན་དངོས་དང་མཐུན་པའི་སྒོ་ནས་འདས་པའི་ལོ་ལྔའི་རིང་གི་བྱ་བ་སྤྱི་སྡོམ་བྱས་པར་མ་ཟད། མ་འོང་ཇུས་འགོད་དང་བབ་བསྟུན་མདུན་སྐྱོད། དངོས་གཉེར་གསར་བསྐྲུན་བྱས་ཏེ། ཞིང་ཆེན་ཡོངས་ཀྱིས་མཚོ་སྔོན་གསར་བ་འཛུགས་སྐྲུན་དང་འཚོ་བ་གསར་བ་གསར་བསྐྲུན། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པའི་འཕེལ་རྒྱས་འཐབ་ཇུས་ལ་དམ་པོར་དམིགས་པ་གཙོ་བོར་བཟུང་སྟེ། མང་ཚོགས་ཕྱུག་སྒྱུར་དང་ཞིང་ཆེན་དར་རྒྱས་སུ་གཏོང་བའི་གནས་ཚུལ་གསར་བ་ངོམ་པར་བྱས་ཡོད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག