མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཚོགས་ཆེན་གཉིས་ཀྱི་འཐུས་མི་དང་ཨུ་ཡོན་རྣམས་ཀྱིས་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་བསྡུར་བྱས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-24 11:36

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ1པོའི་ཚེས23ཉིན་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་འཐུས་མི་དང་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་ཨུ་ཡོན་རྣམས་ཀྱིས་ཚན་ཆུང་བགོས་ནས་ནན་ཏན་གྱིས་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་ཞིབ་དང་གྲོས་བསྡུར་བྱས། འཐུས་མི་དང་ཨུ་ཡོན་རྣམས་ཀྱིས་ལང་ལོང་སྒོས་བློ་འདོན་ཇུས་འབུལ་བྱས་ནས་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་གྲོས་བསྡུར་གྱི་རྣམ་པའི་ཁེངས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལོ་ཧོས་ཉིན་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་གྱི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཅན་ཅོན་ཟི་ལིང་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་རིན་ཆེན་རྒྱལ་དང་།ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཞུའུ་ཧྥུའུ་ཧྲོན། ལོ་ཡུས་ལིན། ཅི་ཏི་མ་ཅ། ཆི་ཡུས། ཝང་ལིན་ཅོན། ཝང་ཞོ་ཆིན། སུའུ་ཉིན། བུའུ་ཡུས་ཏི། མའོ་ཞོ་པེན། བསྟན་ཁོ་སོགས་འཐུས་ཚབ་ཚོགས་པའི་ཚན་ཆུང་སོ་སོར་ཞུགས་ནས་གྲོས་ཞིབ་དང་གྲོས་བསྡུར་བྱས།

འཐུས་མི་དང་ཨུ་ཡོན་རྣམས་ཀྱིས་བལྟས་ན། འདས་པའི་ལོ་ལྔའི་རིང་ལ། ཞིང་ཆེན་ཡོངས་སུ་དོན་དག་མང་ཞིང་། དཀའ་ཁག་དང་བྲེལ་འཚུབ་ཆེ་བའི་གནས་ཚུལ་མང་། བཅོས་སྒྱུར་འཕེལ་རྒྱས་བརྟན་འཇགས་སུ་གཏོང་བའི་ལས་འགན་ཉིན་རེར་བཞིན་ལྗིད་ནའང་། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མའི་མཐུན་སྒྲིལ་དམ་པོའི་འོག གསར་གཏོད་བརྩོན་ལེན་བྱས་ནས། འགྲན་རྩོད་དང་ཉམས་སད་ཐེག་པའི་བྱ་བ་མང་པོར་ཁ་གཏད་འཇལ་ཏེ་གྲུབ་འབྲས་རབ་དང་རིམ་པ་བླངས་ཟེར། ཕྱོགས་བསྡུས་དཔལ་འབྱོར་གྱི་དངོས་ཤུགས་དང་། མཁར་གྲོང་གི་རྣམ་པ་དང་། བཅོས་སྒྱུར་སྒོ་འབྱེད། མི་དམངས་ཀྱི་འཚོ་བའི་ཆུ་ཚད་སོགས་ཐད་ནས་འཕེལ་རྒྱས་ཆེན་པོ་བླངས་བ་དང་། དམངས་ཀྱི་འཚོ་བ་ཐག་བཅད་པའི་ཚད་གཞི་དེ་ནུབ་རྒྱུད་དང་ཡང་ན་རྒྱལ་ཡོངས་ཀྱི་སྔོན་གྲས་སུ་བསླེབས། ཡུས་ཧྲུའུ་བསྐྱར་འཛུགས་བྱ་བ་ཕལ་ཆེར་ཡོངས་འགྲུབ་བྱས་པ་དང་སླར་གསོ་བསྐྱར་འཛུགས་འཆར་གཞིའི་ལས་འགན་གཙོ་བོ་ཡོངས་འགྲུབ་བྱས་པ་དེས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྙོག་འཛིང་གི་རྣམ་པར་ཁ་གཏད་འཇལ་བའི་ནུས་པ་དང་། ཆེ་ཕྱོགས་སྙོམས་སྒྲིག་བྱས་པའི་ནུས་པ་དང་ཁྱོན་ཡོངས་དམ་འཛིན་བྱས་པའི་ནུས་པ་ལྡན་པ་མཚོན་ཐུབ་སྙམ། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག