མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ད་ལོར་མཚོ་སྔོན་གྱི་རོང་འབྲོག་ཁུལ་མང་ཚོགས་ཁྲི25ཡིས་བདེ་འཇགས་ཆུ་འཐུང་ཆུ་ཐུབ་རྒྱུ་རེད།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-01-24 11:35

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར་མཚོ་སྔོན་ཞིང་ཆེན་ཆུ་བེད་སྡེ་ཁག་གིས་དངུལ་གཏོང་ལ་ཤུགས་བསྣན་ཏེ། མགྱོགས་མྱུར་ངང་རོང་འབྲོག་ཁུལ་གྱི་ཆུ་བེད་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་སྐུལ་འདེད་བཏང་སྟེ། ཡང་བསྐྱར་རོང་འབྲོག་པ་མང་ཚོགས་ཁྲི25ཡི་འཐུང་ཆུ་བདེ་འཇགས་གནད་དོན་ཐག་གཅོད་བྱེད་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན། ན་ནིང་མཚོ་སྔོན་གྱིས་བསྡོམས་པས་རིགས་སོ་སོའི་ཆུ་བེད་ལས་གཞི153གསར་འཛུགས་བྱས་ཏེ་རོང་འབྲོག་ཁུལ་གྱི་མང་ཚོགས་ཁྲི27གྱི་འཐུང་ཆུ་བདེ་འཇགས་གནད་དོན་ཐག་གཅོད་བྱས། ད་ལོར་ཆུ་བེད་སྡེ་ཁག་གིས་ཡང་བསྐྱར་རོང་འབྲོག་ཁུལ་གྱི་མང་ཚོགས་ཁྲི25ཡི་འཐུང་ཆུ་བདེ་འཇགས་གནད་དོན་ཐག་བཅད་དེ། མུ་མཐུད་དུ་ཞིང་ཆུ་འདྲེན་ཁུལ་ཆེ་འབྲིང་རིགས་ཀྱི་མཐུད་སྐྲུན་ཆ་སྡེབ་དང་ཆུ་གྲོན་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། ཞིང་ས་ཆུང་བའི་ཆུ་བེད་གཙོ་གནད་རྫོང་དང་ཆེད་དམིགས་བཟོ་འགོད་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས་གཞི་ཁྱོན་ཅན་གྱི་ཕན་འབྲས་མཐོ་བའི་ཆུ་གྲོན་ཆུ་འདྲེན་ལས་གཞི་དང་ཆུ་རྐ་ཞིག་གསོ་བཅོས་བསྒྱུར་ལ་གཙིགས་འཛིན་བྱེད་རྒྱུ་ཡིན་ལ། སྒྲིག་ཆས་ཞིང་ལས་ཀྱི་ཆུ་བེད་ཆ་སྡེབ་ཇེ་མགྱོགས་སུ་བཏང་སྟེ་ཆུ་གྲོན་ཆུ་འདྲེན་ལས་གཞི་འཛུགས་སྐྲུན་བྱེད་རྒྱུ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག