མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཅིག་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོས་མུ་མཐུད་དུ་ཚན་ཆུང་བགོས་ཏེ་གྲོས་བསྡུར་བྱས་པ།

རྩོམ་པ་པོ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-23 11:08

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ1པོའི་ཚེས22ཉིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཅིག་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་ཨུ་ཡོན་རྣམས་ཀྱིས་མུ་མཐུད་དུ་ཚན་ཆུང་བགོས་ཏེ་ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་འདོན་བྱ་བའི་གནས་ཚུལ་སྙན་ཞུར་གྲོས་བསྡུར་བྱས་པར་མ་ཟད། སྲིད་གྲོས་ཀྱི་འགན་ནུས་ཇི་ལྟར་འདོན་སྤེལ་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བ། མང་ཚོགས་ཀྱི་འཚོ་བ་སྔར་ལས་ཇེ་ལེགས་སུ་གཏོང་བ་བཅས་ཀྱི་ཐད་ལ་སྤྲོ་སེམས་འཁོལ་བའི་ངང་གྲོས་བསྡུར་བྱས།

གྲོས་བསྡུར་བྱེད་སྐབས། ཨུ་ཡོན་རྣམས་ཀྱིས་བལྟས་ན། ལོ་ལྔའི་རིང་ལ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་བྱ་བས་དུས་དང་རྣམ་པ་ཀུན་དུ་བསམ་བློ་འཛུགས་སྐྲུན་བྱེད་རྒྱུ་དེ་རྒྱུན་ལྡན་རང་བཞིན་དང་རྨང་གཞི་རང་བཞིན་གྱི་བྱ་བ་ཞིག་ཏུ་བརྩིས་ནས། བསམ་བློ་དང་དམིགས་འབེན། བྱ་སྤྱོད་བཅས་ཀྱི་ཐད་ནས་བློ་གཅིག་སེམས་གཅིག་བྱེད་རྒྱུ་ཧུར་ཐག་སྒོས་རྒྱུན་འཁྱོངས་བྱས་པ་དང་མཉམ་དུ་གཞི་རིམ་ལ་ཁ་ཕྱོགས་པ་དང་། མང་ཚོགས་ལ་ཞབས་ཕྱི་བསྒྲུབས་ཏེ། སྤྱི་ཚོགས་ཀྱི་གནས་ཚུལ་དང་མང་ཚོགས་ཀྱི་རེ་བར་རྒྱུས་ལོན་ཟབ་མོ་བྱས་རྗེས། ནང་དོན་ཕུན་སུམ་ཚོགས་པའི་གྲོས་གཞི་སྣ་ཚོགས་བཏོན་པས། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་ནུས་པ་བཟང་བོ་བཏོན་པར་སྙམ། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག