མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཞང་ཀང་དང་ཨོ་མིན་གྱི་ཨུ་ཡོན་རྣམས་མཉམ་དུ་འཛོམས་ཏེ། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་བློ་འདོན་ཇུས་འབུལ་བྱས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-23 11:07

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ1པོའི་ཚེས22ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་ཞང་ཀང་དང་ཨོ་མིན་གྱི་ཨུ་ཡོན་རྣམས་མཉམ་དུ་འཛོམས་ཏེ། མཚོ་སྔོན་ཞིང་ཆེན་གྱི་གནས་སྐོར་ལས་རིགས་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ་བྱེད་པ་དང་། དངུལ་གཏོང་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། ལྷད་མེད་ནུས་ཁུངས་དར་སྤེལ་བྱེད་པ། ཚོང་འགུགས་དངུལ་འདྲེན་སོགས་ཐད་ལ་བློ་འདོན་ཇུས་འབུལ་བྱས། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་མཱ་ཀྲི་བེ་བཞུགས་མོལ་ཚོགས་འདུར་ཞུགས།

བཞུགས་མོལ་ཚོགས་འདུའི་སྟེང་། ཨུ་ཡོན་ཀྲཱང་ཧོང་ཞིག་མའེ་ཡིས་བཤད་རྒྱུར། ལོ་འདི་འགའི་རིང་ལ་དུ་མཚོ་སྔོན་ལ་ཐེངས་མང་པོར་ཡོང་ནས་བལྟས་་ན། མཚོ་སྔོན་གྱི་རྨང་གཞིའི་སྒྲིག་ཆས་ཐད་འཕེལ་རྒྱས་བྱུང་བ་ཅུང་མགྱོགས་མོད། ཡིན་ནའང་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པའི་ཐད་ལ་ད་རུང་ཆད་པར་ཆེ། ཞང་ཀང་གིས་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པའི་ཐད་ན་ཉམས་མྱོང་ལེན་ས་མང་ཟེར། ཁོ་མོས་བཤད་རྒྱུར། རིམ་པ་སོ་སོའི་སྲིད་གཞུང་དང་མཉམ་དུ་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པའི་བྱ་བར་རོགས་རམ་བྱེད་འདོད་ཡོད་ཟེར། ཨུ་ཡོན་ཚེ་ཧྲང་ཁེ་ཡིས་བཤད་རྒྱུར། སྲིད་གྲོས་ཀྱི་ཨུ་ཡོན་ཞིག་ཡིན་པའི་ཆ་ནས། འགན་འཁྲི་ལག་བསྟར་བྱེད་པའི་ཞོར་དུ། མཚོ་སྔོན་དྲིལ་སྒྲོག་བྱེད་པའི་འོས་འགན་ཡོད་པས། མཚོ་སྔོན་གྱི་རང་བྱུང་མཛེས་ལྗོངས་མཚམས་སྦྱོར་བྱས་ནས། ཞང་ཀང་གི་མི་དང་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་སྔར་ལས་མང་པོར་མཚོ་སྔོན་མཚམས་སྦྱོར་བྱེད་པར་འབད་བརྩོན་བྱེད་རྒྱུ་ཡིན་ཟེར།

མཚོ་སྔོན་ཞིང་ཆེན་གྱིས་ཞང་ཀང་དང་ཨོ་མིན་ས་ཁུལ་དང་འབྲེལ་གཏུག་དམ་པོ་བྱས་ནས། ཚོང་འགུགས་དངུལ་འདྲེན་བྱེད་ཤུགས་སྔར་ལས་རྒྱ་བསྐྱེད་དགོས་པའི་རེ་བ་བཏོན། ཞང་ཀང་དང་ཨོ་མིན་གྱི་ཨུ་ཡོན་གཞན་དག་རྣམས་ཀྱིས་ཀྱང་མཚོ་སྔོན་གྱི་འཕེལ་རྒྱས་བཞི་ཇེ་མགྱོགས་སུ་གཏོང་བ་དང་། ས་ཁུལ་གསུམ་འཛུགས་སྐྲུན་བྱེད་པའི་ཐད་ལ་བསམ་འཆར་དང་གྲོས་གཞི་མང་པོ་བཏོན།

མཱ་ཀྲི་བེ་ཡིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ་ཞིང་ཆེན་སྲིད་གྲོས་ཀྱི་ཞང་ཀང་དང་ཨོ་མིན་གྱི་ཨུ་ཡོན་གྱིས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་བློ་འདོན་ཇུས་འབུལ་བྱས་པར་མ་ཟད། ད་རུང་དངོས་སུ་མཚོ་སྔོན་གྱི་དཔལ་འབྱོར་འཛུགས་སྐྲུན་བྱེད་པའི་ཐད་ལ་ཞུགས་ནས་བྱས་རྗེས་ཆེན་པོ་བཞག་ཟེར། ཞང་ཀང་དང་ཨོ་མིན་གྱི་ཨུ་ཡོན་རྣམས་ཀྱིས་སྔར་བཞིན་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་དགོས་པའི་རེ་བ་བཏོན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག