མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱི་རང་བྱུང་སྲུང་སྐྱོང་ཁུལ་གཅིག་ལ་རྒྱལ་ཁབ་རིམ་པའི་ཞིབ་དཔྱད་ཐོབ་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-01-23 10:16

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏ་ཐུང་ཧེ་རིགས་རང་སྐྱོང་རྫོང་པེ་ཁྲོན་ཆུ་བོའི་འབྱུང་ཡུལ་གྱི་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དེ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་འཕར་བར་རྒྱལ་ཁབ་རིམ་པའི་ཞིབ་དཔྱད་ཆེད་མཁས་པའི་ཞིབ་དཔྱད་ཐོབ།

པེ་ཁྲོན་ཆུ་བོའི་འབྱུང་ཡུལ་རང་བྱུང་སྲུང་སྐྱོང་ཁུལ་འདི2005ལོར་ཞིང་ཆེན་སྲིད་གཞུང་གིས་ཆོག་མཆན་བཀོད་ནས་བཙུགས་པ་དང་། ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ95དང་ལྷོ་བྱང་གི་ཞེང་ཚད་ལ་སྤྱི་ལེ69ཡོད་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང་ཁྲི10.8ཡོད། དེ་ཏ་ཐུང་རྫོང་ཁོངས་ཀྱི་པེ་ཁྲོན་ཆུ་བོའི་འབྱུང་ཡུལ་དུ་ཆགས་ཡོད་ལ། སྲུང་སྐྱོང་བྱེད་ཡུལ་གཙོ་བོ་ནི་འབྱུང་ཡུལ་གྱི་སྔོ་ཤུན་དང་སྐྱེ་དངོས་སྣ་མང་རང་བཞིན་ཡིན་པ་དང་། ཟི་ལིང་གྲོང་ཁྱེར་གྱི་ཆུའི་ཐོན་ཁུངས་གསོག་ཉར་ནགས་ཁུལ་གཙོ་བོའང་ཡིན་པས་སྐྱེ་ཁམས་གནས་བབ་ཧ་ཅང་གལ་ཆེ། རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནང་ཚུད་རྗེས་རང་བྱུང་སྲུང་སྐྱོང་ཁུལ་འདིའི་རང་བྱུང་ཐོན་ཁུངས་ལ་སྔར་ལས་སྲུང་སྐྱོང་གང་ལེགས་ཐོབ་ཐུབ་ལ། དེའི་དོ་དམ་བདག་སྐྱོང་བྱེད་ནུས་ཀྱང་སྔར་བས་མཐོར་འདེགས་སུ་གཏོང་ཐུབ།  ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག