མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རིག་གནས་གསར་འགྱུར་པར་སྐྲུན་བྱ་བའི་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-01-23 10:14

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རིག་གནས་གསར་འགྱུར་པར་སྐྲུན་བྱ་བའི་ཚོགས་འདུ་ཟི་ལིང་དུ་བསྡུས།

2012ལོར། མཚོ་སྔོན་གྱིས་ཞིང་ཆེན་ཐད་གཏོགས་དང་ཟི་ལིང་གྲོང་ཁྱེར་གྱི་རྒྱལ་དབང་རིག་རྩལ་ཁང་གི་བཅོས་བསྒྱུར་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱས་ཏེ། གཞི་རྩའི་སྟེང་སྐོར་དང་པོའི་སྐབས་དོན་རིགས་ཀྱི་ཚགས་པར་དང་དུས་དེབ་ལས་ཁུངས13གྱི་ལམ་ལུགས་བཅོས་བསྒྱུར་ལེགས་འགྲུབ་བྱས་ལ། རོང་འབྲོག་ཁྱིམ་དཔེ་ཁང་ཞིང་ཆེན་ཡོངས་ལ་ཁྱབ་པ་མངོན་འགྱུར་བྱས་པ་དང་། བཤམ་སྟོན་ཁང་དང་དཔེ་མཛོད་ཁང་། རིག་གནས་ཁང་བཅས་རིན་མེད་སྒོས་སྒོ་འབྱེད་བྱས། ལོ་ལྔ་ཚན་བཅུ་གཉིས་པའི་ཞིང་ཆེན་ཡོངས་ཀྱི་རིག་གནས་ཐོན་ལས་ར་བ27གྱི་འཆར་འགོད་ཁྲོད་ར་བ་ཁུལ17འཛུགས་སྐྲུན་བྱེད་འགོ་བརྩམས་ཡོད་ལ་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར10.2བཏང་ཡོད། ཀྲུང་གོའི་རྒྱལ་ཁབ་རི་མོ་ཁང་གི་སྙན་གྲགས་ཆེ་བའི་རི་མོ་བ་མཚོ་སྔོན་དུ་བསྐྱོད་པ་དང་། ཧྥི་ལི་ཕིན་གྱི་མཚོ་སྔོན་རིག་གནས་གཟའ་འཁོར། རབ་མཛེས་མཚོ་སྔོན་ཧན་རྒྱལ་ཁབ་ཏུ་བསྐྱོད་པ་སོགས་ཀྱི་བྱ་འགུལ་སྤེལ་ཏེ་མཚོ་སྔོན་གྱི་རིག་གནས་ཤུགས་རྐྱེན་ཇེ་ཆེར་བཏང་། མཚོ་སྔོན་གྱིས་རིག་གནས་དང་གནས་སྐོར་མཉམ་སྦྲེལ་གྱིས་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་བསམ་འཆར་བཏོན་ནས་གཟུགས་འདས་ཤུལ་བཞག་རིག་གནས་མཛེས་ལྗོངས་ཁུལ་དུ་བསྐྱོད་པར་སྐུལ་འདེད་བཏང་ཞིང་། ཕུལ་བྱུང་གནས་སྐོར་འཁྲབ་སྟོན་གསར་འཛུགས་སོགས་ཀྱི་བྱ་བ་བསྒྲུབས། ཡུས་ཧྲུའུ་རིག་གནས་ཤུལ་བཞག་བསྐྱར་འཛུགས་ལས་འགན་ལེགས་འགྲུབ་བྱས།

2012ལོ་ནི་མཚོ་སྔོན་གྱི་གཞི་རིམ་རིག་གནས་འཛུགས་སྐྲུན་བྱེད་པར་མ་དངུལ་གཏོང་ཚད་ཆེས་མང་བ་དང་འཛུགས་སྐྲུན་ལས་གཞི་ཆེས་མང་བ། ཁྱབ་ཚད་ཆེས་རྒྱ་ཆེ་བའི་ལོ་ཞིག་ཡིན་ལ། ཀྲུང་དབྱང་དང་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་རིག་གནས་གསར་འགྱུར་པར་སྐྲུན་ལས་དོན་ཐད་འགྲོ་གྲོན་མ་དངུལ་སྒོར་དུང་ཕྱུར4.5ཡན་བཏང་།

ཚོགས་འདུས་སྟེང་ཞིང་ཆེན་ཡོངས་ཀྱི་རིག་གནས་གསར་འགྱུར་པར་སྐྲུན་ལས་ཁུངས་ཀྱི2012ལོའི་བྱ་དགའ་ཐོབ་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་མ་ཟད་བྱ་དགའ་བྱིན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག