མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོས་གྲ་སྒྲིག་ཚོགས་འདུ་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-23 10:06

2.jpg

ཟླ1པོའི་ཚེས22ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོས་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་གྲ་སྒྲིག་གྲོས་ཚོགས་བསྡུས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཆང་ཝེ་དང་། ཀྲུའུ་རིན་གཞོན་པ་མུའུ་ཏུང་ཧྲིན་དང་། ཧྲིན་ཧི། སངས་རྒྱས། ཀོ་རུའུ་ཀྲོ། ལིག་ཁྲུན་ཡའོ། དབང་མོ། ཚའོ་ཝུན་ཧུའུ། དྲུང་ཡིག་ཆེན་མོ་ཚའེ་ཏི་ཀོས་བཅས་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད།

1.jpg

དབང་མོས་གྲ་སྒྲིག་གྲོས་ཚོགས་ལ་མགོ་འཛིན་བྱེད་བཞིན་པ།

3.jpg

ཟླ1པོའི་ཚེས22ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོས་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་གྲ་སྒྲིག་གྲོས་ཚོགས་བསྡུས།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོས་ཚེས22ཉིན་གྱི་ཕྱི་དྲོར་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་གྲ་སྒྲིག་གྲོས་ཚོགས་བསྡུས།

    ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཆང་ཝེ་དང་། ཀྲུའུ་རིན་གཞོན་པ་མུའུ་ཏུང་ཧྲིན་དང་། ཧྲིན་ཧི། སངས་རྒྱས། ཀོ་རུའུ་ཀྲོ། ལིག་ཁྲུན་ཡའོ། དབང་མོ། ཚའོ་ཝུན་ཧུའུ། དྲུང་ཡིག་ཆེན་མོ་ཚའེ་ཏི་ཀོས་བཅས་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད།

    ཚོགས་འདུ་ལ་དབང་མོས་མགོ་འཛིན་བྱས།

    ཚོགས་འདུར་ཞུགས་དགོས་པའི་འཐུས་མི་སུམ་བརྒྱ་དང་གོ་བརྒྱད་ཡོད་པ་དང་། འཐུས་མི་སུམ་བརྒྱ་དང་དྲུག་ཅུ་ཚོགས་འདུར་དངོས་སུ་འབྱོར་བས། བཅའ་ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་མི་གྲངས་དང་མཐུན།

    གྲོས་ཚོགས་ནས་མི་ང་དགུས་གྲུབ་པའི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པ་བདམས་པ་དང་མུའུ་ཏུང་ཧྲིན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་དྲུང་ཡིག་ཆེན་མོར་བདམས་ལ། གྲོས་ཚོགས་ནས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་གྲོས་རིམ་ལ་གྲོས་འཆམ་བྱུང་ཞིང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་གྲོས་གཞི་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་མིང་ཐོ་ལ་གྲོས་འཆམ་བྱུང་བ་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་འཆར་གཞི་སྔོན་རྩིས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་མིང་ཐོ་ལ་གྲོས་འཆམ་བྱུང་བ་མ་ཟད། འཐུས་ཚབ་ཚོགས་པ་སོ་སོའི་ཚོགས་གཙོ་དང་ཚོགས་གཙོ་གཞོན་པའི་མིང་ཐོ་བསྒྲགས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག