མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཐུན་ཏེ་རྫོང་གིས་རོང་འབྲོག་པ་མང་ཚོགས་ཁྲི་བཞི་ལྷག་གི་ནད་སྟོན་དཀའ་བའི་གནད་དོན་ཐག་བཅད་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན།  2013-01-22 11:14

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གིས་གཞི་རྩའི་བྱ་བ་འགན་སྲུང་བྱེད་པ་དང་། གཞི་རིམ་བྱ་བ་ཇེ་བརྟན་དུ་གཏོང་བ། ནང་རྐྱེན་འཛུགས་པ་བཅས་ཀྱི་གཞི་རྩའི་སྨན་བཅོས་དམིགས་འབེན་བྱ་བ་དམ་པོར་དམིགས་ནས། ཤུགས་ཆེན་པོས་རྫོང་དང་ཤང་། སྡེ་བ་བཅས་ཀྱི་རིམ་པ་གསུམ་གྱི་སྨན་བཅོས་སྔོན་འགོག་དང་ལུས་སྲུང་དྲ་རྒྱ་བཙུགས། ད་ལྟ་རྫོང་རིམ་པའི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་དང་ཤང་དང་གྲོང་བརྡལ་གྱི་འཕྲོད་བསྟེན་ཁང་དང་སྡེ་བའི་ཚད་གཞི་ཅན་གྱི་འཕྲོད་བསྟེན་ཁང122ཡོད་པ་དང་། རྫོང་ཡོངས་ཀྱི་ཤང་དང་གྲོང་བརྡལ6གི་སྲིད་འཛིན་སྡེ་བ་དོན་གསུམ་དང་ཐོན་སྐྱེད་མཉམ་ལས་ཁང181ལ་ཁྱབ་ཡོད་པས། རྫོང་ཡོངས་ཀྱི་རོང་འབྲོག་པ་མང་ཚོགས་ཁྲི་བཞི་ལྷག་ཀྱི་ནད་སྟོན་དཀའ་བ་དང་། ས་ཐག་རིང་ནས་ནད་སྟོན་དཀའ་བའི་གནད་དོན་ཐག་བཅད།

ད་ལྟ་ཐུན་ཏེ་རྫོང་གི་ཞིང་སྡེའི་རྣམ་པ་གསར་བའི་སྨན་བཅོས་མཉམ་ལས་ཀྱི་སྒོ་བརྟེན་སྨན་ཁང་གི་གཅིག་གྱུར་འཆར་འགོད་ཀྱི་དལ་བའི་རང་བཞིན་གྱི་ནད་སྟོན་པའི་ཁ་གསབ་མ་དངུལ་གྱི་ཚད་གཞི་དེ་སྔོན་ཆད་ཀྱི་སྒོར་མོ1000ནས2000ལ་ཇེ་མང་དུ་བཏང་། ནད་ལྗིད་མོའི་རིགས་ཉེར་གཅིག་ཞག་སྡོད་བྱས་ནས་སྟོན་པའི་རྒྱུན་ལྡན་གྱི་སྨན་རིན་ཐེངས་དང་པོར་ཁ་གསབ་རྒྱག་རྗེས། ནད་ལྗིད་མོ་སྨན་བཅོས་བྱེད་པའི་སྨན་བཅོས་འགན་སྲུང་ཁག་ཐེག་བྱེད་པའི་ཐེབས་རྩའི་ཁྲོད་དུ་ཐེངས་གཉིས་ལ་ཁ་གསབ་རྒྱག་རྒྱུ་རེད། རྫོང་ཡོངས་ཀྱི་རོང་འབྲོག་པའི་ཞིང་སྡེའི་རྣམ་པ་གསར་བའི་མཉམ་ལས་སྨན་བཅོས་སུ་ཞུགས་ཚད99%ལྷག་ཏུ་བསླེབས་པ་དང་ཁྱབ་ཚད100%ལ་བསླེབས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག