མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ནང་ཆེན་རྫོང་གིས་སྨན་བཅོས་འཕྲོད་བསྟེན་ཐད་ལ་མ་དངུལ་གཏོང་ཤུགས་ཇེ་ཆེར་བཏང་བ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན།  2013-01-22 11:13

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་རྒྱུན་ཆད་མེད་པར་སྨན་བཅོས་འཕྲོད་བསྟེན་ལས་དོན་ཇེ་བཟང་དུ་གཏོང་བའི་ཐད་ལ་མ་དངུལ་གཏོང་ཤུགས་ཇེ་ཆེར་བཏང་ནས། ཞང་དང་གྲོང་བརྡལ་བཅུའི་འཕྲོད་བསྟེན་ཁང་གི་ལས་བཟོ་བའི་སྡོད་ཁང་འཛུགས་སྐྲུན་བྱེད་པའི་ལས་གཞི་ཡོངས་འགྲུབ་བྱས་ནས། རྫོང་འཕྲོད་བསྟེན་ལྟ་ཞིབ་ལས་ཁུངས་ཀྱི་བྱེད་སྒོའི་ཁང་བ་དང་། སྡེ་བའི་འཕྲོད་བསྟེན་ཁང་དང་རྫོང་སྨན་ཁང་ཞེ་ལྔའི་རྨང་གཞིའི་བཟོ་སྐྲུན་དང་ཞང་དང་གྲོང་བརྡལ་ལྟེ་གནས་འཕྲོད་བསྟེན་ཁང་སོགས་འཛུགས་སྐྲུན་བྱེད་པའི་ལས་གཞི་ཆེན་པོ་ཞིག་ལག་བསྟར་བྱས།

རྫོང་དེས་ནན་ཏན་གྱིས་ས་གནས་ཀྱི་ནད་རིགས་སྔོན་འགོག་བྱ་བ་སྤེལ་ནས། གློ་གཅོང་གི་ནད་དང་། བྱི་ནད་སྔོན་འགོག་ཚོད་འཛིན་དང་ཞིབ་བཤེར་སྨན་བཅོས་བྱ་བ་བཟང་བོར་སྒྲུབ་ནས། བྱི་ནད་སྔོན་འགོག་བྱ་བ་སྤེལ་ཐེངས་བརྒྱད་ལ་དོན་རྐྱེན་གཅིག་ཀྱང་མ་བྱུང་བའི་དམིགས་འབེན་མངོན་འགྱུར་བྱས། རྫོང་དེའི་སློབ་གྲྭ་དྲུག་ནས་སྤེལ་བའི་མཆིན་འབུ་ལྡེམ་བུའི་ནད་ལ་བརྟག་ཏེ། ནན་ཏན་གྱིས་སྨན་བཅོས་རོགས་སྐྱོར་དམངས་ཕན་སྲིད་ཇུས་སྣ་ཚོགས་དངོས་འབེབས་བྱས་ནས། ལོ་ཧྲིལ་བོར་སྨན་བཅོས་ཁ་གསབ་མ་དངུལ་སྒོར་མོ་བྱེ་བ་གཉིས་དང་ས་ཡ་ལྔ་འབུམ་གཉིས་ཁྲི་གསུམ་བཏང་ཏེ། མང་ཚོགས་ཁྲི་དྲུག་དང་སྟོང་ལྔར་ཁེ་ཕན་ཐོབ། སྨན་བཅོས་རོགས་སྐྱོར་ལས་གཞི་བྱ་བ་བརྩོན་ལེན་བྱས་ནས། ནད་རིགས་བརྒྱ་དང་བཅུ་གསུམ་བཤགས་བཅོས་བྱས་ཤིང་། ནད་ལྗིད་མོ་ཕོག་པའི་ནད་པ་ཉེར་དྲུག་མྱུར་སྐྱོབ་བྱས། ས་ཆ་གཞན་ནས་ཡོང་བའི་སྨན་བཅོས་མི་སྣས་ནང་ཆེན་རྫོང་མི་དམངས་སྨན་ཁང་ལ་རོགས་རམ་བྱས་ནས། བྱ་བའི་ལམ་ལུགས་རིགས་སྣ་ཚོགས་བཅོ་ལྔ་འཐུས་ཚང་དུ་བཏང་ཞིང་། རིགས་གཞུང་འཆད་ཁྲིད་ཐེངས་བཅུ་གཉིས་སྤེལ་ནས། སྨན་བཅོས་མི་སྣ་སོ་གཅིག་རོགས་ཁྲིད་བྱས་ནས། ལང་ཏོག་ནད་པ་བརྒྱ་དང་བཅུ་གཉིས་ལ་བཤགས་བཅོས་བྱས་ནས་ཕན་འབྲས་ཅུང་བཟང་བོ་ཐོབ། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག