མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྨ་ལྷོ་ཁུལ་གྱིས་མ་དངུལ་སྒོར་དུང་ཕྱུར5.85བཏང་ནས་ཁྱད་ལྡན་ཞིང་ཕྱུགས་ལས་ལ་སྐུལ་འདེད་བཏང་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-01-22 11:13

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཉེ་ལམ་བསྡུས་པའི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྟེང་རྒྱུས་ལོན་པ་ལྟར་ན། ན་ནིང་རྨ་ལྷོ་ཁུལ་གྱིས་དཔལ་འབྱོར་ལེགས་སྒྲིག་བྱེད་པ་དེ་འཕེལ་རྒྱས་རྣམ་པར་འགྱུར་ལྡོག་གཏོང་བའི་གཞི་རྩའི་ཐབས་ལམ་ཞིག་ཏུ་རྩིས་པ་རྒྱུན་བསྐྱངས་ཏེ། དངུལ་གཏོང་གིས་སྒྲིག་གཞི་ལེགས་བཅོས་བྱེད་པའི་ཐད་ཀྱི་སྐུལ་ཁྲིད་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ནས། ཧུར་བརྩོན་གྱིས་ས་གནས་ཁྱད་ལྡན་ཞིང་ཕྱུགས་ལས་གསོ་སྐྱོང་དང་འཕེལ་རྒྱས་སུ་བཏང་བས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་མུ་མཐུད་དུ་མཐོར་འདེགས་སུ་བཏང་ཞིང་། རོང་འབྲོག་པས་དབུལ་ཐར་ཕྱུག་བསྒྱུར་བྱེད་པར་སྣེ་ཁྲིད་བྱས།

ན་ནིང་རྨ་ལྷོ་ཁུལ་གྱིས་རིགས་སོ་སོའི་ཞིང་ཕྱུགས་ལས་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལས་གཞི39ལག་བསྟར་བྱས་ལ། མ་དངུལ་སྒོར་དུང་ཕྱུར5.85བཏང་ནས། ཉི་འོད་ནུས་པའི་དྲོད་ཁང100དང་ཕྱུགས་བཀོལ་དྲོད་ཁང4740གསར་འཛུགས་བྱས་པ་དང་། སྔོ་ཚལ་རིགས་སྣ་ཚོགས་མུའུ་ཁྲི1ལ་འདེབས་འཛུགས་བྱས། སྟར་ཀ་མུའུ2000དང་ཧོང་ཀོ་མུའུ2235ལ་འདེབས་འཛུགས་བྱས་ཤིང་། ཕྱུགས་ཟོག་དང་ཁྱིམ་བྱ། གསོ་ཕག་བཅས་གཞི་ཁྱོན་ཅན་གྱི་གསོ་སྤེལ་ར་བ26བཙུགས་པ་དང་། རྨ་ཆུའི་ཆུ་མཛོད་ཁུལ་དུ་མུས་གྲུ་བཞི་མ་ཁྲི1.56ཡོད་པའི་ཆུའི་ཐོན་རྫས་གསོ་སྤེལ་དྲ་སྒམ242བཙུགས་ཏེ་ལོ་རེའི་ཐོན་འབབ་སྒོར་ཁྲི2000ལ་སླེབས། རྨ་ལྷོ་ཁུལ་གྱི་སྐྱེ་ལྡན་ཕྱུགས་ལས་དཔེ་སྟོན་ཁུལ་འཛུགས་སྐྲུན་བརྟན་བརླིང་ངང་སྐུལ་འདེད་ཐོབ་པ་དང་། ཧི་ནན་རྫོང་གི་སྐྱེ་ལྡན་ཕྱུགས་ལས་ཚན་རྩལ་ར་བའི་རྨང་གཞི་སྒྲིག་ཆས་སྔར་བས་འཐུས་ཚང་དུ་བཏང་ཞིང་། ཁེ་ལས་གསར་བ2གསར་སྣོན་བྱས་པ་དང་། ཨ་མའི་ཞོ་སྐྱེ་ལྡན་འབྲི་ཞོ་ལ་སྐབས་དྲུག་པའི་ཀྲུང་གོའི་རྒྱལ་སྤྱིའི་སྐྱེ་ལྡན་ཟས་རིགས་འགྲེམ་སྟོན་ཚོགས་འདུའི་སྟེང་གསེར་གྱི་རྟགས་མའི་བྱ་དགའ་ཐོབ། རྩེ་ཁོག་རྫོང་གི་སྐྱེ་ལྡན་རྩའི་ཐོན་ལས་ཚན་རྩལ་དཔེ་སྟོན་ར་བའི་འཆར་འགོད་ལ་ཞིང་ཆེན་རིམ་པའི་ཆོག་མཆན་ཐོབ་ནས་དངོས་སུ་ལག་བསྟར་བྱེད་འགོ་བརྩམས། ཕྱུགས་ལས་འགན་སྲུང་བྱ་བར་གྲུབ་འབྲས་མངོན་གསལ་ཐོབ། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག