མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་རིག་གནས་ཅུའུ་ཀྲང་གྲོས་ཚོགས་ཟི་ལིང་ནས་ཚོགས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-22 11:13

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཚེས20ཉིན་མཚོ་སྔོན་ཞིང་ཆེན་རིག་གནས་ཅུའུ་ཀྲང་གྲོས་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཅི་ཏི་མ་ཅ་གྲོས་ཚོགས་སུ་ཞུགས་པ་དང་། ཧྲིན་ཀྲང་གཞོན་པ་ཀྲང་ཅན་མེན་གྱིས་གཏམ་བཤད།

ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་སྤྱི་སྤྱོད་རིག་གནས་ཞབས་ཕྱིའི་མ་ལག་མུ་མཐུད་དུ་འཐུས་ཚང་དུ་བཏང་ནས། ཤུགས་ཆེན་པོས་རིག་གནས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱ་བར་ཤུགས་སྣོན་པ་དང་འཐུས་ཚང་དུ་གཏོང་རྒྱུ་ཡིན་པ་དང་། སྟོབས་ཤུགས་གཅིག་བསྡུས་ཀྱིས་ཁྱད་ཆོས་འབུར་དུ་ཐོན་པ་དང་། ནུས་པ་ཆ་ཚང་བའི་རིག་གནས་སྒྲིག་ཆས་ཀྱི་བཟོ་སྐྲུན་ལས་གཞི་གལ་ཆེན་སྐོར་ཞིག་ལེགས་བཅོས་དང་གསར་སྐྲུན་བྱེད་པ། ནང་རྐྱེན་གསར་སྐྲུན་བྱེད་པ་དང་། འཛུགས་སྐྲུན་གྱི་བགྲོད་ལམ་གསར་གཏོད་བྱེད་པ། རྒྱ་ཆེའི་མི་དམངས་མང་ཚོགས་སྤྱི་སྤྱོད་རིག་གནས་ཞབས་ཕྱིའི་སྒྲིག་ཆས་འཛུགས་སྐྲུན་བྱ་བའི་ཁྲོད་དུ་ཞུགས་པར་སྐུལ་ལྕག་གཏོང་བ་དང་སྣེ་ཁྲིད་དེ། ཞིང་སྡེ་ནས་སྡེ་བའི་རིག་གནས་ཁང་སྐོར་ཞིག་འཛུགས་སྐྲུན་བྱེད་པར་བརྩོན་ལེན་བྱེད་དགོས་པ་དང་། དམངས་ཁྲོད་ནས་རྟེན་མཛོད་ཁང་དང་དཔེ་མཛོད་ཁང་སོགས་རིག་གནས་ཞབས་ཕྱི་སྤེལ་ས་འཛུགས་སྐྲུན་བྱེད་པར་སྐུལ་མ་གཏོང་དགོས་པ། མང་ཚོགས་ཀྱི་གཞི་རྩའི་རིག་གནས་ཁེ་དབང་འགན་སྲུང་ཁག་ཐེག་བྱེད་པར་འཚོལ་ཞིབ་བྱེད་དགོས་པ་དང་། སྤྱི་ཕན་རང་བཞིན་གྱི་རིག་གནས་ལས་ཁུངས་ཀྱིས་སྤྱི་སྤྱོད་རིག་གནས་ཞབས་ཕྱིའི་ཁྲོད་ཀྱི་རྐང་འཛིན་པའི་ནུས་པ་གང་ལེགས་སྒོས་འདོན་སྤེལ་བྱས་ཏེ། མང་ཚོགས་ལ་སྤྱི་སྤྱོད་རིག་གནས་ཞབས་ཕྱི་ལོངས་སུ་སྤྱོད་དགོས། རིམ་པ་སོ་སོས་རིག་གནས་བྱ་བས་འཛུགས་སྐྲུན་བྱ་བ་དེ་བྱེད་ཕྱོགས་ཡིན་པ་རྒྱུན་འཁྱོངས་བྱས་ནས། འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་དགོས་པ་དང་། རིམ་པ་སོ་སོའི་རིག་གནས་སྲིད་འཛིན་སྡེ་ཁག་གིས་བྱ་བའི་འགན་འཁྲི་སྲིད་ཇུས་སྙོམས་སྒྲིག་དང་ཚོང་རའི་དོ་དམ། སྤྱི་ཚོགས་དོ་དམ་དང་སྤྱི་སྤྱོད་ཞབས་ཕྱིའི་སྟེང་དུ་བཞག་ཏེ། མུ་མཐུད་དུ་རྒྱལ་དབང་དཔལ་འབྱོར་ཉོ་ཚོང་རང་བཞིན་གྱི་རིག་གནས་ལས་ཁུངས་ཁེ་ལས་བཅོས་སྒྱུར་བྱ་བའི་ཁྲོད་དུ་བསྒྱུར་དགོས་པ་དང་། མུ་མཐུད་དུ་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱ་བར་ཤུགས་སྣོན་དགོས། མུ་མཐུད་དུ་དར་གོས་ཚོང་ལམ་དུ་ཞུགས་པའི་ཞུ་འབུལ་བྱ་བ་དང་། ཡུས་ཧྲུའུ་བསྐྱར་འཛུགས་བྱ་བ་བཟང་བོར་སྒྲུབ་ནས། ནན་ཏན་གྱིས་གཟུགས་འདས་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱ་བ་བཟང་བོར་སྒྲུབ་དགོས། རིག་གནས་ཐོན་ལས་འཕེལ་རྒྱས་བརྟན་འཇགས་ངང་ཡར་སྐུལ་གཏོང་དགོས། མྱུར་དུ་རྒྱལ་ཁབ་རིག་གནས་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་འཆར་གཞི་འགོད་པར་ཞིབ་འཇུག་གཏན་འཁེལ་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་དོན་དངོས་དང་མཐུན་པའི་རིག་གནས་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་སྲིད་ཇུས་འགོད་དགོས། གཏན་ལ་ཕབ་ཟིན་པའི་རིག་གནས་ཐོན་ལས་ས་ཁུལ་དང་གཅིག་བསྡུས་ས་ཁུལ་གྱི་ལས་གཞི་དང་ལས་གཞི་གལ་ཆེན་ལག་བསྟར་བཟང་བོ་བྱས་ནས། ཚོང་རའི་ནང་རྐྱེན་འཛུགས་དགོས་པ་དང་། སྤྱི་ཚོགས་ཀྱི་མ་རྩ་ནང་འདྲེན་བྱེད་པ། དམངས་ཁྲོད་ཀྱི་མ་རྩ་དང་ཕྱི་ཕྱོགས་ཀྱི་མ་རྩ་བཏང་ནས་རིག་གནས་ཐོན་ལས་འཛུགས་དགོས་པ་དང་། རིག་གནས་ཐོན་ལས་ཚོང་ར་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་ནས། རིགས་མང་འདུས་པའི་རིག་གནས་ཐོན་ལས་ཀྱི་ཚོང་བ་དང་རིག་གནས་ཐོན་སྐྱེད་ཀྱི་རྒྱུ་ཆའི་ཚོང་ར་འཛུགས་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག