མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དང་ནུབ་བྱང་གློག་དྲ་ཀུང་ཟི་གཉིས་ཀྱིས་གློག་དྲའི་འཕེལ་རྒྱས་གནས་ཚུལ་ལ་གྲོས་མོལ་བྱས་པ།

རྩོམ་པ་པོ། གཡང་འབུམ་རྒྱལ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-22 11:13

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས21ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ལོ་ཡུས་ལིན་གྱིས་མཚོ་སྔོན་མགྲོན་ཁང་ནས་ནུབ་བྱང་གློག་དྲ་ཚད་ཡོད་ཀུང་ཟིའི་ལག་བསྟར་ཏུང་ཧྲི་ཀྲང་དང་སྤྱི་ཁྱབ་ཅིན་ལིས་ཡུའུ་ཞིན་ཆང་སོགས་ལ་ཐུག་འཕྲད་བྱས་པ་དང་། ཕྱོགས་གཉིས་ཀྱིས་མཚོ་སྔོན་གྱི་གློག་དྲའི་འཕེལ་རྒྱས་ལས་དོན་ཐད་ནས་གྲོས་མོལ་བྱས།

ཡུའུ་ཞིན་ཆང་གིས་ནུབ་བྱང་གློག་དྲ་ཀུང་ཟིའི་ཉིས་སྟོང་བཅུ་གཉིས་ལོའི་བྱ་བའི་འཕེལ་རིམ་དང་སྟོང་ཧྥུའུ་བདུན་བརྒྱ་དང་ལྔ་བཅུ་ཅན་གྱི་གློག་དྲ་འཛུགས་སྐྲུན་བྱས་པ། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་ཉིས་སྟོང་བཅུ་གསུམ་ལོའི་བྱ་བའི་བསམ་ཕྱོགས་དང་བྱ་བ་གཙོ་བོ་བཀོད་སྒྲིག་བྱས་ཚུལ་སོགས་ཐད་ཀྱི་གནས་ཚུལ་ཡར་ཞུ་བྱས་པར་ཉན་རྗེས། ལོ་ཡུས་ལིན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ནུབ་བྱང་གློག་དྲ་ཀུང་ཟིས་ལོ་གཅིག་གི་རིང་ལ་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་སྟོབས་དང་ལྡན་པའི་གློག་ཤུགས་ཀྱི་ཞབས་ཞུ་བཟང་བོ་འདོན་སྤྲོད་བྱས་པར་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཆེ་ཞུས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག