མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཀྲུང་གོ་མི་དམངས་ཆབས་སྲིད་གྲོས་མོལ་ཚོགས་འདུ་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་གཟབ་རྒྱས་ངང་ཚོགས་མགོ་བརྩམས་པ།

  ཡོང་ཁུངས། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན།  2013-01-22 11:13

1.jpg

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་ཟླ1པོའི་ཚེས21ཉིན་གྱི་སྔ་དྲོའི་དུས་ཚོད་དགུའི་སྟེང་ཞིང་ཆེན་གྲོས་ཚོགས་ལྟེ་གནས་ནས་གཟབ་རྒྱས་ངང་ཚོགས་མགོ་བརྩམས།

4.jpg 

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་ཟླ1པོའི་ཚེས21ཉིན་གྱི་སྔ་དྲོའི་དུས་ཚོད་དགུའི་སྟེང་ཞིང་ཆེན་གྲོས་ཚོགས་ལྟེ་གནས་ནས་གཟབ་རྒྱས་ངང་ཚོགས་མགོ་བརྩམས།རིན་ཆེན་རྒྱལ་གྱིས་མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་བའི་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར་ཚོགས་ཆེན་སྟེང་བྱ་བའི་སྙན་ཞུ་ཕུལ།

3.jpg 

ལོ་ཁྲའོ་དབྱང་གིས་སྐབས་བཅུ་བའི་ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར། ཚོགས་ཆེན་སྟེང་སྐབས་བཅུ་བའི་ཞིང་ཆེན་སྲིད་གྲོས་ཀྱི་གྲོས་གཞི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་ཕུལ། 

5.jpg

ཨུ་ཡོན་རྣམས་ཀྱིས་སྲིད་གྲོས་ཀྱི་བྱ་བའི་སྙན་ཞུ་ལ་ཉན་བཞིན་པ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་ཟླ1པོའི་ཚེས21ཉིན་གྱི་སྔ་དྲོའི་དུས་ཚོད་དགུའི་སྟེང་ཞིང་ཆེན་གྲོས་ཚོགས་ལྟེ་གནས་ནས་གཟབ་རྒྱས་ངང་ཚོགས་མགོ་བརྩམས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོ་དང་ལས་རིགས་སོ་སོའི་ཨུ་ཡོན་སུམ་བརྒྱ་ལྷག་ལྷན་དུ་འཛོམས་ནས། མི་དམངས་ཕྱུག་པོར་བསྒྱུར་བ་དང་ཞིང་ཆེན་སྟོབས་ལྡན་དུ་གཏོང་བའི་ཇུས་ཆེན་ལ་གྲོས་སྡུར་བྱས་ཏེ། མཚོ་སྔོན་གྱི་མ་འོངས་པའི་འཕེལ་རྒྱས་ལ་ཇུས་གཞི་བཀོད།

    དེ་རིང་གྲོས་ཚོགས་ལྟེ་གནས་ཀྱི་ཚོགས་ཁང་ཆེན་མོའི་ནང་དུ་དགའ་སྤྲོའི་དཔལ་གྱིས་ཁེངས་ཡོད་ལ། ཀྲུའུ་ཞི་སྟེགས་བུའི་རྒྱབ་ཡོལ་དཀྱིལ་དུ་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ཚོགས་རྟགས་བཀལ་ཡོད་པ་དང་། དེའི་ལོགས་གཉིས་སུ་བཀྲགས་མདངས་འཚེར་བའི་དར་དམར་བཅུས་བརྒྱན་ཡོད།

    ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་རིན་ཆེན་རྒྱལ་དང་། ཁྲིན་ཙི་ཆོན། པའོ་དབྱི་ཀྲི། རིན་ཆེན་རྣམ་རྒྱལ། ལོ་ཁྲའོ་དབྱང་། མཱ་ཀྲི་ཝེ། མཱ་ཁྲང་ཆིན། ལིས་ཞོན་ཧྲིན། ཀྲང་ཧྲིག་ཁྲིན། ཅི་རིན་ཧྥིན། ཨ་ལགས་གཟིམ་ཁང་ཚང་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད།

    མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཆང་ཝེ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལོ་ཧོས་ཉིན། རྒྱལ་ཡོངས་སྲིད་གྲོས་རིག་གནས་ལོ་རྒྱུས་དང་སློབ་སྦྱོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་སངས་རྒྱས་སྐྱབས། རྒྱལ་ཡོངས་སྲིད་གྲོས་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་པད་མ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཝང་ཅན་ཅོན་དང་། ཞུའུ་ཧྥུའུ་ཧྲུན། ལོ་ཡུས་ལིན། ཅི་ཏིས་མ་ཅ། ཆི་ཡུས། ཝང་ལིན་ཅོན། ཝང་ཞའོ་ཆིན། སུའུ་ཉིན། ཝུའུ་ཡུས་ཏི། མའོ་ཞའོ་པེན། བསྟན་ཁོ་བཅས་དང་། ད་དུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་མི་དམངས་སྲིད་གཞུང་། ཞིང་ཆེན་དམག་ཁུལ། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་། བཅའ་སྡོད་དམག་དཔུང་དང་དྲག་ཆས་ཉེན་རྟོག་སྤྱི་ཁྱབ་རུ་ཁག་བཅས་ཀྱི་འགན་འཁུར་བློ་མཐུན་དང་། སྐབས་བཅུ་བའི་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བཅས་གདན་དྲངས་པ་ལྟར་ཚོགས་འདུར་ཞུགས་པར་མ་ཟད་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད།

    ཚོགས་འདུ་ལ་ཞུགས་དགོས་པའི་ཨུ་ཡོན་སུམ་བརྒྱ་དང་གོ་དགུ་ཡོད་པ་དང་། ཨུ་ཡོན་སུམ་བརྒྱ་དང་དོན་གཉིས་ཚོགས་ཐོག་ཏུ་འབྱོར་བས། གཏན་ཁེལ་གྱི་མི་གྲངས་དང་མཐུན།

    ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཁྲིན་ཙི་ཆོན་གྱིས་ཚོགས་འདུར་མགོ་འཛིན་བྱས། སྔ་དྲོའི་དུས་ཚོད་དགུའི་སྟེང་། ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་ནས་ཚོགས་མགོ་བརྩམས།

    རིན་ཆེན་རྒྱལ་གྱིས་མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་བའི་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར་ཚོགས་ཆེན་སྟེང་བྱ་བའི་སྙན་ཞུ་ཕུལ།

    རིན་ཆེན་རྒྱལ་གྱིས་བཤད་རྒྱུར། སྐབས་བཅུ་བའི་ཞིང་ཆེན་སྲིད་གྲོས་ཀྱིས་འགན་འཁུར་ཡུན་གྱི་ལོ་ལྔ་ནི། རང་ཞིང་གིས་འཕེལ་རྒྱས་བཞི་ལ་མྱུར་དུ་སྐུལ་འདེད་དང་། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཚན་རིག་འཕེལ་རྒྱས་ཀྱི་རྣམ་པ་ཧུར་ཐག་གིས་འཚོལ་ཞིབ། དར་རྒྱས་མིན་པའི་ས་ཁུལ་གྱི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་ལག་ལེན་བྱེད་པའི་རྒྱལ་ཁའི་ལམ་ཞིག་ཧུར་ཐག་གིས་བཙལ་བ། འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན་བཅས་ཀྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པའི་ལོ་ལྔ་ཡིན་ཟེར།

    རིན་ཆེན་རྒྱལ་གྱིས་བཤད་རྒྱུར། ལོ་ལྔའི་ནང་དུ། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་འོག ཞིང་ཆེན་སྲིད་གྲོས་སྐབས་བཅུ་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས། ཏིན་ཞའོ་ཕེན་གྱི་རིགས་པའི་གཞུང་ལུགས་དང་མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་མཛུབ་སྟོན་དུ་བཟུང་སྟེ། ཀྲུང་གུང་ཀྲུང་དབྱང་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྲིད་གྲོས་བྱ་བར་ཤུགས་སྣོན་པའི་ཇུས་ཆོད་དང་བཀོད་སྒྲིག་རབས་དང་རིམ་པ་ལྟར། ཞིང་ཆེན་ཡོངས་ཀྱི་བཅོས་སྒྱུར་དང་འཕེལ་རྒྱས། གཏན་འཇགས་བཅས་ཀྱི་ཁྱོན་ཡོངས་ལ་དམ་པོར་དམིགས་ནས། གཞུང་ལུགས་དང་ལམ་ལུགས། ལག་ལེན་བཅས་གཏིང་ཟབ་པའི་སྒོ་ནས་གསར་གཏོད་བྱས་པ་དང་། ཆབ་སྲིད་གྲོས་མོལ་གྱི་ཕན་ཡོད་རྣམ་པ་ཕུན་སུམ་ཇེ་ཚོགས་དང་འཐུས་སྒོ་ཇེ་ཚང་དུ་བཏང་ལ། དམངས་གཙོ་ལྟ་སྐུལ་གྱི་ཕན་ཡོད་བགྲོད་ལམ་འཚོལ་ཞིབ་དང་གསར་བསྐྲུན་བྱས་པ་དང་། སྲིད་ཞུགས་སྲིད་གྲོས་ཀྱི་ནུས་ལྡན་ཐབས་ལམ་རྒྱུན་བསྲིང་དང་རྒྱ་བསྐྱེད་དུ་བཏང་ཞིང་། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་། བློ་འདོན་ཇུས་འབུལ། དམངས་གཙོ་ལྟ་སྐུལ། མཐུན་སྒྲིལ་མཉམ་ལས། རང་སྟེང་གི་འཛུགས་སྐྲུན་བཅས་བྱ་བ་སྣ་ཚོགས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བྱས་ཏེ། མི་དམངས་སྲིད་གྲོས་ཀྱི་བྱ་གཞག་དབྱར་མཚོ་བཞིན་རྒྱས་པར་སྐྱེ་སྟོབས་དང་གསོན་ཤུགས་བསྩལ་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྤྱི་ཚོགས་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བཅས་ལ་བྱས་རྗེས་གལ་ཆེན་བཞག་ཟེར།

    རིན་ཆེན་རྒྱལ་གྱིས་ཕྱོགས་ལྔ་ནས་འདས་པའི་ལོ་ལྔའི་རིང་གི་བྱ་བ་སྤྱི་བསྡོམས་བྱས་པ་སྟེ། གཅིག བསམ་བློའི་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ་མཐུན་སྒྲིལ་མཉམ་ལས་ཀྱི་རྨང་གཞི་སྲ་བརྟན་དུ་བཏང་། གཉིས། དཀྱིལ་སྙིང་དམ་པོར་བཟུང་ནས་བཟང་ཞིང་མགྱོགས་པའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་། གསུམ། མཐུན་སྒྲིལ་གྱི་ནུས་པ་ཇེ་དྲག་ཏུ་བཏང་ནས་འཆམ་མཐུན་གྱི་མཚོ་སྔོན་འཛུགས་སྐྲུན་ལ་ཡར་སྐུལ་བྱས། བཞི། མི་གཞི་རྩར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ་ཧུར་ཐག་གིས་དམངས་འཚོ་ལེགས་བཅོས་ལ་སྐུལ་འདེད་བཏང་། ལྔ། བཅོས་སྒྱུར་གསར་སྤེལ་ལ་མཐོང་ཆེན་བྱས་ཏེ་བྱ་བའི་ལག་ལེན་ལ་ཧུར་ཐག་གིས་སྐུལ་འདེད་བྱས་ཟེར།

    རིན་ཆེན་རྒྱལ་གྱིས་བཤད་རྒྱུར། ལོ་ལྔའི་རིང་གི་བྱ་བའི་ལག་ལེན་ལ་ཕྱིར་དྲན་བྱས་ཚེ། ང་ཚོར་མྱོང་ཚོར་ཟབ་མོ་ཞིག་ཡོད་པ་ནི། མི་དམངས་སྲིད་གྲོས་ཀྱི་ལས་དོན་དེ་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ལས་དོན་ཆེན་མོ་དང་གཞི་གཅིག་ཏུ་འདྲེས་ཚེ། སྲིད་གྲོས་ཀྱི་འཕེལ་རྒྱས་ཐད་ག་གཟོད་བར་སྟོང་ཆེན་པོ་ཡོད་ལ། ཏང་ཨུས་མཐོང་ཆེན་དང་སྲིད་གཞུང་གིས་རྒྱབ་སྐྱོར། སྲིད་གྲོས་རང་འགུལ་དང་སྤྱི་ཚོགས་ལས་རིགས་ཁག་གིས་རམ་འདེགས་བྱེད་པ་བཅས་ཀྱི་བྱ་བའི་རྣམ་པ་ཞིག་བཙུགས་ཚེ། སྲིད་གྲོས་ཀྱི་ནུས་པ་ད་གཟོད་ཕན་ཡོད་སྒོས་འདོན་ཐུབ་ཅིང་། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་འགན་ནུས་ལག་བསྟར་གྱི་དཔེ་དབྱིབས་ཧུར་ཐག་གིས་འཚོལ་ཞིབ་བྱས་ཚེ། སྲིད་གྲོས་བྱ་བ་ད་གཟོད་དོན་དངོས་དང་དམ་པོར་སྦྲེལ་ཐུབ་པ་དང་། སྤྱི་ཚོགས་འདྲ་མཉམ་དང་དྲང་གཞག་ཡོང་བར་སྲུང་སྐྱོང་དང་སྐུལ་འདེད་གཏོང་བར་མཐོང་ཆེན་བྱས་ཚེ། སྲིད་གྲོས་ཀྱི་བྱེད་ནུས་ད་གཟོད་མངོན་པར་མཚོན་ཐུབ་ལ། བཅོས་སྒྱུར་གསར་སྐྲུན་གྱི་སྙིང་སྟོབས་ལ་བརྟེན་ནས་བྱ་བའི་ལག་ལེན་ལ་སྐུལ་འདེད་བྱས་ཚེ། སྲིད་གྲོས་ལས་དོན་ལ་ད་གཟོད་འཛད་མེད་སྒུལ་ཤུགས་ཡོད་པ་དེ་རེད་ཟེར།

    རིན་ཆེན་རྒྱལ་གྱིས་བཤད་རྒྱུར། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་འགན་ཁུར་ཡུན་གྱི་ལོ་ལྔ་ནི་རང་རྒྱལ་གྱིས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པའི་ཐག་གཅོད་རང་བཞིན་གྱི་དུས་རིམ་ཞིག་ཡིན་ལ། རང་ཞིང་གིས་མཚོ་སྔོན་གསར་བ་འཛུགས་སྐྲུན་དང་འཚོ་བ་གསར་བ་གསར་སྐྲུན་བྱེད་པའི་གནད་འགག་གི་དུས་སྐབས་ཤིག་ཀྱང་རེད། མི་དམངས་སྲིད་གྲོས་ཀྱིས་ཁུར་བའི་འགན་འཁྲི་ལྗིད་ལ་ཕྲག་ཏུ་བབས་པའི་ལས་འགན་གཟི་བརྗིད་ལྡན་ཞིང་། ལས་འགན་ལག་བསྟར་བྱེད་པའི་མདུན་ལམ་ཡངས་པོ་ཡིན། ང་ཚོས་མུ་མཐུད་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་སྟེ། ཏིན་ཞའོ་ཕེན་གྱི་རིགས་པའི་གཞུང་ལུགས་དང་མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་མཛུབ་སྟོན་དུ་བཟུང་ནས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་རང་ཞིང་གི་འཕེལ་རྒྱས་བཞི་ཇེ་མགྱོགས་སུ་གཏོང་བ་དང་། ཁུལ་གསུམ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། གསར་བ་གཉིས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པའི་འཐབ་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ནས། དམངས་གཙོའི་གྲོས་མོལ་ཡོངས་ཁྱབ་ཏུ་ལག་བསྟར་བྱེད་པ་བརྒྱུད་དེ་ཆབ་སྲིད་གྲོས་མོལ་དང་དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གྲོས་བཅས་ཀྱི་འགན་ནུས་ནན་ཏན་སྒོས་ལག་བསྟར་བྱེད་པ་དང་། འབྲེལ་བ་མཐུན་སྦྱོར་དང་སྟོབས་ཤུགས་གཅིག་བསྡུ། བློ་འདོན་ཇུས་འབུལ། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་མཚོ་སྔོན་གྱི་དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་བཅས་ཀྱི་འཛུགས་སྐྲུན་དང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་སྔར་ལས་ལྷག་པའི་བདེ་སྐྱིད་ཀྱི་འཚོ་བ་གསར་བ་རོལ་དུ་འཇུག་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས་ཟེར།

    རིན་ཆེན་རྒྱལ་གྱིས་ཕྱོགས་ལྔ་ནས་མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་བྱ་བ་རྒྱས་བཤད་བྱས། གཅིག ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་རྒྱུ། གཉིས། ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་དམིགས་ནས་འགན་ནུས་ལག་བསྟར་ནན་མོ་བྱེད་རྒྱུ། གསུམ། དམངས་འཚོ་ལེགས་བཅོས་བྱེད་པའི་སྟེང་ནུས་པ་སྔར་ལས་ཆེན་པོ་འདོན་རྒྱུ། བཞི། གྲོས་མོལ་དམངས་གཙོའི་ལག་ལེན་ཁྱོན་ཡོངས་ནས་སྤེལ་རྒྱུ། ལྔ། འགན་ནུས་ལག་བསྟར་གྱི་ནུས་པ་ཇེ་ཆེར་གཏོང་རྒྱུ་བཅས་རེད།
རིན་ཆེན་རྒྱལ་གྱིས་བཤད་རྒྱུར། ཨུ་ཡོན་རྣམ་པ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པ་ནི་ང་ཚོ་ཐུན་མོང་གི་ལས་འགན་ཡིན་པ་དང་། མཚོ་སྔོན་གསར་བ་འཛུགས་སྐྲུན་དང་འཚོ་བ་གསར་བ་གསར་སྐྲུན་བྱེད་པ་ནི་ང་ཚོ་ཐུན་མོང་གི་རེ་སྙེག་ཡིན་ལ། གྲོས་མོལ་དམངས་གཙོ་ལམ་ལུགས་ཇེ་ལེགས་སུ་གཏོང་བ་ནི་ང་ཚོ་ཐུན་མོང་གི་ལས་འགན་ཡིན། ང་ཚོས་བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱས་ནས། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་འོག་ཏུ། མཚོ་སྔོན་གསར་བའི་སྙིང་སྟོབས་དང་མདོ་དབུས་མཐོ་སྒང་གི་སྙིང་སྟོབས་ཁྱད་པར་བ་ལྔ་དར་སྤེལ་ཆེན་པོ་བྱེད་པ། དར་ཆ་མཐོན་པོར་བསྒྲེང་པ་དང་། ཡིད་ཆེས་ཇེ་བརྟན་དུ་གཏོང་བ། སྤོབས་པ་ཆེ་རུ་བསྐྱེད་པ། ཡར་ཐོན་བརྩོན་ལེན་བྱེད་པ། ལག་ལེན་ལ་འབད་བརྩོན་བཅས་བྱས་ཏེ། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ལ་སྔར་ལས་བདེ་སྐྱིད་ལྡན་པའི་འཚོ་བ་གསར་བ་རོལ་དུ་འཇུག་པ་དང་། མཚོ་སྔོན་གྱི་མི་དམངས་སྲིད་གྲོས་ལས་དོན་ལ་མཆོང་སྐྱོད་གསར་བ་འབྱུང་བར་བྱེད་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར།

    ལོ་ཁྲའོ་དབྱང་གིས་སྐབས་བཅུ་བའི་ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར། ཚོགས་ཆེན་སྟེང་སྐབས་བཅུ་བའི་ཞིང་ཆེན་སྲིད་གྲོས་ཀྱི་གྲོས་གཞི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་ཕུལ།

    ལོ་ཁྲའོ་དབྱང་གིས་བཤད་རྒྱུར། ཞིང་ཆེན་སྲིད་གྲོས་སྐབས་བཅུ་བའི་གྲོས་ཚོགས་ཐེངས་དང་པོའི་ཚུན་ལ། ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་དང་ཁོངས་ཞུགས་ལས་ཁུངས་སོ་སོ། ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོ་བཅས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བ་གཙོ་བོ་དང་མི་དམངས་མང་ཚོགས་ཀྱིས་དོ་སྣང་བྱེད་པའི་གནད་དོན་གཙོ་བོར་དམིགས་ཏེ། གྲོས་གཞི་སྟོང་གཉིས་དང་ཞེ་གཉིས་བཏོན་པ་དང་། གྲོས་གཞི་སྟོང་གཅིག་དང་བདུན་བརྒྱ་གོ་དགུ་ཐོ་འགོད་བྱས་ལ། ཐོ་འགོད་བྱས་ཚད་བརྒྱ་ཆའི་གྱ་བརྒྱད་དང་གྲངས་ཆུང་གཅིག་ཡིན་ལ། བསྒྲུབ་པར་སྤྲད་པའི་གྱོད་དོན་ཚང་མ་ལོ་རེ་རེ་བཞིན་བསྒྲུབས་པ་དང་། གྲོས་གཞི་བསྒྲུབས་ཚད་བརྒྱ་ཆའི་བརྒྱ་ཡིན་ཟེར།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག