མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཅིག་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོས་ཚན་ཆུང་བགོས་ཏེ་བྱ་བའི་སྙན་ཞུ་གཉིས་ལ་གྲོས་བསྡུས་བྱས་པ།

རྩོམ་པ་པོ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-22 11:13

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས21ཉིན་གྱི་ཕྱི་དྲོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་ཨུ་ཡོན་རྣམས་ཀྱིས་ཚན་ཆུང་བགོས་ཏེ་ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་གཞི་བྱ་བའི་གནས་ཚུལ་གྱི་སྙན་ཞུར་གྲོས་བསྡུར་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་བང་ཅན་ཅོན་དང་། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་རིན་ཆེན་རྒྱལ་རྣམ་གཉིས་གྲངས་ཉུང་མི་རིགས་དང་ཆོས་ལུགས་ཚན་ཆུང་གི་གྲོས་བསྡུར་ལ་ཞུགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཞུའུ་ཧྥུའུ་ཧྲུན་དང་ལོ་ཡུས་ལིན། ཅི་ཏིས་མཱ་ཅ། བུའུ་ཡུས་ཏེ་བཅས་སོ་སོར་ཚན་ཆུང་སོ་སོའི་གྲོས་བསྡུར་ལ་ཞུགས།

བང་ཅན་ཅོན་གྱིས་གཏམ་བཤད་སྐབས་འདས་པའི་ལོ་ལྔའི་རིང་གི་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་བྱ་བའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་རྗེས་བཤད་རྒྱུར། མི་རིགས་ཆོས་ལུགས་བྱ་བ་བཟང་བོར་བསྒྲུབ་དགོས་ན། ངེས་པར་དུ་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ལ་ཕྱོགས་ཡོངས་དང་ཡང་དག་པ། ཆ་ཚང་བ། གོ་རིམ་ལྡན་པ་བཅས་ཀྱི་སྒོ་ནས་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བྱེད་དགོས་པར་མ་ཟད། ཆོས་ལུགས་གནད་དོན་ཐད་ནས་ནམ་ཡང་ཀླད་པ་གསལ་བོ་བཅངས་ཏེ། འདྲ་མཉམ་དང་མཐུན་སྒྲིལ། ཕན་ཚུན་རོགས་རམ། འཆམ་མཐུན་བཅས་ཀྱི་མི་རིགས་འབྲེལ་བ་ཧུར་ཐག་སྒོས་སྲུང་སྐྱོབ་བྱེད་དགོས་པ་དང་། ཧུར་ཐག་སྒོས་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་མཐུན་པར་ཡོང་བར་བྱེད་དགོས་ཟེར།

ཨུ་ཡོན་རྣམས་ཀྱིས་གྲོས་བསྡུས་བྱས་པར་ཞིབ་ཏུ་ཉན་རྗེས། རིན་ཆེན་རྒྱལ་གྱིས་བཤད་རྒྱུར། སྐབས་གསར་བའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་སྲིད་གྲོས་ཨུ་ཡོན་གྱི་འགན་འཁྲི་དངོས་སུ་འཁུར་ཏེ། གྲོས་ཚོགས་ཀྱི་དགོངས་དོན་ལ་གོ་བ་ཟབ་མོ་ལེན་དགོས་པར་མ་ཟད། ཞིང་ཆེན་ཏང་ཨུའི་ཡང་དག་པའི་མགོ་ཁྲིད་འོག རྒྱུན་ཆད་མེད་པར་གསར་གཏོད་གསར་བསྐྲུན་བྱེད་པ་དང་། སློབ་སྦྱོང་མང་པོ་བྱེད་པ་དང་བསམ་བློ་མང་པོ་བཏང་སྟེ། ཆབ་སྲིད་གྲོས་མོལ་དང་དམངས་གཙོ་ལྟ་སྐུལ། སྲིད་གྲོས་སྲིད་ཞུགས་ཀྱི་འགན་ནུས་ལག་བསྟར་ནན་མོ་བྱེད་དགོས་ཟེར།

ཚན་ཆུང་སོ་སོའི་གྲོས་བསྡུར་ཁྲོད། ཨུ་ཡོན་རྣམས་ཀྱིས་ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུར་དམིགས་ཏེ་སྤྲོ་སེམས་འཁོལ་བའི་ངང་གྲོས་བསྡུར་བྱས་པར་མ་ཟད། རང་སོ་སོའི་ལས་གནས་དང་ཟུང་འབྲེལ་བྱས་ནས་མཚོ་སྔོན་ཞིང་ཆེན་གྱི་འཕེལ་རྒྱུས་བཞིར་མྱུར་དུ་སྐུལ་འདེད་གཏོང་བ་དང་། ཁུལ་གསུམ་འཛུགས་སྐྲུན་བྱེད་པ། གསར་བ་གཉིས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པའི་སྤྱིའི་འཐབ་ཇུས་ཇི་ལྟར་ལག་ལེན་མཐར་ཕྱིན་བྱེད་པའི་ཐད་ལ་བསམ་འཆར་དང་གྲོས་གཞི་བཏོན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག