མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་པོའི་ཙོང་ཉ་སྐྱོང་སྤེལ་དང་ཉ་གཟིགས་སྲོག་བླུའི་དུས་སྟོན་སྤེལ་བ།

  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2012-07-10 10:37


མཚོ་སྔོན་པོའི་ཙོང་ཉ་སྐྱོང་སྤེལ་དང་ཉ་གཟིགས་སྲོག་བླུའི་དུས་སྟོན་རོལ་བ།


གནས་སྐོར་བ་རྣམས་ཀྱིས་ཉ་མོ་ཚེ་ཐར་དུ་གཏོང་བཞིན་པ།

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས9ཉིན། མཚོ་སྔོན་པོའི་ཙོང་ཉ་སྐྱོང་སྤེལ་དང་ཉ་གཟིགས་སྲོག་བླུའི་དུས་སྟོན་སྐབས་ལྔ་བ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ནས་སྤེལ་འགོ་བརྩམས་པ་རེད། ཐེངས་འདིའི་བྱ་འགུལ་ཁྲོད་རིག་རྩལ་འཁྲབ་སྟོན་དང་། ཉ་གཟིགས་དང་ཉ་མོ་ཚེ་ཐར་དུ་གཏོང་བའི་བྱ་འགུལ། སྦྲ་གུར་གཤིབ་སྡུར། མཚོ་གཏེར་འབུལ་བ་སོགས་ཟླ7པའི་ཚེས19ཉིན་བར་དུ་ཕུན་སུམ་ཚོགས་པའི་བྱ་འགུལ་རབས་དང་རིམ་པ་སྤེལ་རྒྱུ་རེད།

ཐེངས་འདིའི་བྱ་འགུལ་གྱིས་རྐང་ཚའི་རིག་གནས་གནས་སྐོར་ལས་རིགས་གོང་དུ་སྤེལ་བ་དང་། མཚོ་སྐོར་གྱི་སྐྱེ་ཁམས་རིག་གནས་གནས་སྐོར་མཚོན་རྟགས་བསྐྲུན་པ། དམངས་ཡོངས་ཀྱིས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ། ཉ་ལས་ཐོན་ཁུངས་ལ་དོ་སྣང་བྱེད་པའི་སྲོལ་བཟང་དར་སྤེལ་དུ་གཏོང་བ་བཅས་སུ་དོན་སྙིང་ཆེན་པོ་ལྡན་པ་རེད།   །