ཀྲུང་གོ་བོད་ཀྱི་དྲ་བ།

ཧུའུ་ཁྲང་ཧྲིན་དང་རེན་ཀྲིན་ཧི་ཡིས་པེ་ཅིན་སློབ་ཆེན་གྱི་སློབ་གཙོ་ཀོང་ཆི་ཧོང་འཁོར་དང་བཅས་པར་ཐུག་འཕྲད་གནང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-05-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་ཀྲུའུ་རེན་ཧུའུ་ཁྲང་ཧྲིན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་རེན་ཀྲིན་ཧི་ཡིས་ཚེས7ཉིན་གྱི་ཕྱི་དྲོར་ལན་ཀྲོའུ་གྲོང་ཁྱེར་ནས་པེ་ཅིན་སློབ་ཆེན་གྱི་སློབ་གཙོ་དང་ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི་ཀོང་ཆི་ཧོང་འཁོར་དང་བཅས་པར་ཐུག་འཕྲད་གནང་།

ཧུའུ་ཁྲང་ཧྲིན་གྱིས་ཀོང་ཆི་ཧོང་འཁོར་དང་བཅས་པ་ཀན་སུའུ་དུ་ཕེབས་པར་དགའ་བསུ་ཞུས་ལ། པེ་ཅིན་སློབ་ཆེན་གྱིས་དུས་ཡུན་རིང་བོར་ཀན་སུའུ་ལ་རོགས་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། ཁོས་བཤད་རྒྱུར། མིག་སྔར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་ཞིང་ཆེན་ལ་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་གལ་ཆེན་གྱི་དགོངས་དོན་མུ་མཐུད་དུ་ལག་བསྟར་གཏིང་ཟབ་བྱེད་བཞིན་ཡོད་པ་དང་། བརྗོད་དོན་སློབ་གསོ་ཏན་ཏིག་སྤེལ་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོར་དམ་པོར་དམིགས་ཏེ། ཚོང་འགུག་གཙོར་འཛིན་དང་དངུལ་གཏོང་དམ་འཛིན། འཕེལ་རྒྱས་སྐུལ་འདེད་སྒོས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཀན་སུའུ་ལག་ལེན་ལ་སྐུལ་འདེད་གཏོང་བ་དང་། དུས་ནམ་ཡིན་ཡང་སྤུས་ཚད་མཐོ་བའི་མཐོ་རིམ་སློབ་གསོའི་རོགས་སྐྱོར་ནི་ཤིན་ཏུ་མཁོ་གལ་ཆེ་བས་མཐོ་རིམ་འཇོན་མིའི་དགོས་མཁོ་ནི་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད། པེ་ཅིན་སློབ་ཆེན་གྱིས་ལས་བྱེད་གསོ་སྦྱོང་བརྗེ་རེས་དང་འཇོན་མི་ནང་འདྲེན་གསོ་སྦྱོང་། ཚན་ཞིབ་རིག་གཞུང་རོགས་ལས། སློབ་གསོ་སློབ་ཁྲིད་མཛུབ་སྟོན། ཐོན་ལས་གསོ་སྐྱོང་སྟོབས་ལྡན་སོགས་ཀྱི་ཐད་ནས་ཀན་སུའུ་ཞིང་ཆེན་ལས་སྔར་བས་རོགས་སྐྱོར་བྱེད་པ་དང་། ཕྱོགས་ཡོངས་ནས་ཞིང་ཆེན་དང་སློབ་ཆེན་གྱི་འཐབ་ཇུས་མཉམ་ལས་མཐུན་སྦྱོར་དངོས་འབེབས་ལ་སྐུལ་འདེད་བཏང་སྟེ་དུས་རབས་གསར་པའི་ཞིང་ཆེན་དང་སློབ་ཆེན་མཉམ་ལས་ཀྱི་གནས་བབ་གསར་བ་གསར་སྐྲུན་བྱེད་པའི་རེ་བ་ཡོད་ཟེར།

ཀོང་ཆི་ཧོང་གིས་བསྟན་དོན། པེ་ཅིན་སློབ་ཆེན་གྱིས་སློབ་གསོ་དང་ཚན་ཞིབ། འཇོན་མི་སོགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། ཧུར་ཐག་གིས་ཀན་སུའུ་ཞིང་ཆེན་གྱི་འཕེལ་རྒྱས་དགོས་མཁོར་འབྲེལ་མཐུད་བྱས་ནས། མུ་མཐུད་དུ་ཕྱོགས་གཉིས་ཀྱི་འཐབ་ཇུས་མཉམ་ལས་གཏིང་ཟབ་དུ་གཏོང་བ་དང་། རྒྱལ་ཁབ་འཐབ་ཇུས་ལ་ཞབས་ཞུ་དང་ཀན་སུའུ་ཡི་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་རོགས་འདེགས་བྱེད་པར་སྟོབས་ཤུགས་འབུལ་རྒྱུ་ཡིན།

ཧྲི་མོའུ་ཅུན་དང་ལི་ཀང་། ཀྲང་ཝེ་ཝིན་བཅས་ཐུག་འཕྲད་ལ་ཞུགས།   །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།