ཀྲུང་གོ་བོད་ཀྱི་དྲ་བ།

ཐེ་བོ་རིག་གནས་ཡུལ་སྐོར་དྲིལ་སྒྲོག་འོས་སྦྱོར་ཚོགས་འདུ་གནའ་གྲོང་ཞི་ཨན་དུ་འཚོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-03-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

3.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས12ཉིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐེ་བོ་རྫོང་རིག་གནས་ཡུལ་སྐོར་དྲིལ་སྒྲོག་འོས་སྦྱོར་ཚོགས་འདུའུ་བྱ་འགུལ་ཧྲན་ཞི་ཞིང་ཆེན་ཞི་ཨན་གྲོང་ཁྱེར་དུ་སྤེལ་མགོ་ཚུགས། དེ་ནི་ལྷག་བསམ་ཟོལ་མེད་ཀྱིས་གདན་འདྲེན་ཞུ་བའི་མཉམ་འཛོམས་ཐེངས་ཞིག་རེད།

འོས་སྦྱོར་ཚོགས་འདུའི་སྟེང་། ཀན་ལྷོ་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ཨུ་ལྷན་ཁང་གི་ཀྲུའུ་རེན་གཞོན་པའམ། ཐེ་བོ་རྫོང་ཨུ་ཧྲུའུ་ཅི་ཅོ་ཝེ་ཀྲུང་གིས་ཐེ་བོ་ཡི་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་དང་ཁྱད་ལྡན་ཡུལ་སྐོར་ཐོན་རྫས་སྐོར་ངོ་སྤྲོད་བྱས་ནས། ཞི་ཨན་གྱི་གྲོགས་པོ་ཚོ་ཐེ་བོ་རྫོང་དུ་ཡུལ་སྐོར་ཡོང་བར་ལྷག་བསམ་རྣམ་དག་གིས་གདན་འདྲེན་ཞུས། ཐེངས་འདིའི་འོས་སྦྱོར་ཚོགས་འདུ་གོ་སྐབས་ཞིག་ཏུ་བཟུང་ནས་ས་ཁུལ་གཉིས་ཀྱི་མི་དམངས་འགྲོ་འོང་འབྲེལ་འདྲེས་བྱས་ནས་ཞི་ཨན་དང་ཐེ་བོའི་མཛའ་བརྩེ་གཏིང་ཟབ་གཏོང་པ་དང་། ས་ཁུལ་གཉིས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། མཉམ་དུ་རིག་གནས་ཡུལ་སྐོར་ཐོན་ལས་གསར་སྐྲུན་གང་ལེགས་བྱེད་དགོས་པའི་རེ་བ་བཏོན།  

4.jpg

བྱ་འགུལ་ཡུལ་དངོས་སུ་ཐེ་བོའི་དམངས་སྲོལ་ཞབས་བྲོ་འཁྲབ་སྟོན་དང་། རིག་གནས་གསར་སྐྲུན་ཐོན་རྫས་འགྲེམ་སྟོན། དྲིལ་སྒྲོག་ལག་དེབ་སྤྲོད་པ། ཞིང་ལས་ཐོན་རྫས་འགྲེམ་སྟོན། དྲིལ་སྒྲོག་གློག་བརྙན་གཏོང་བ། དྲི་བ་དྲིས་ལན་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་བརྒྱུད། ཞི་ཨན་གྱི་གྲོང་མི་ཚོར་གསར་བརྗེ་ཐེ་བོ་དང་ལྗང་མདོག་གཞིས་ཁྱིམ་གྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཡོངས་སུ་མངོན་ཡོད།  

ཐེ་བོ་རྫོང་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཤར་ལྷོ་རྒྱུད་དང་། མཚོ་བོད་མཐོ་སྒང་གི་ཤར་རྒྱུད་མཚམས་ཀྱི་ཀན་སུའུ་དང་སི་ཁྲོན་མཚམས་སུ་ཆགས་ཡོད། ས་བབ་སྨི1600—4920བར་དང་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི5108.3ཟིན་པ་རེད། རྫོང་ཡོངས་སུ་མི་གྲངས་བསྡོམས་པས་ཁྲི5.6ཡོད། ཤར་ཕྱོགས་སུ་རྒྱང་སྐྱོད་ལམ་བུའི་ལ་གཟར་འགག་དང་ནུབ་ཕྱོགས་སུ་མི་ཡུལ་གྱི་ཞིང་ཁམས་བྲག་རྒན་ནང་། དབུས་སུ་ཆེས་མཐོ་བའི་གངས་རི་ཡོད། མངས་ཁོངས་སུ་རི་རྒྱབ་རི་ལངས་དང་། རི་ཚོགས་མང་བས་གསར་སྤེལ་བེད་སྤྱོད་ཆོག་པའི་ཡུལ་སྐོར་དང་། ཆུ་ནུས། གཏེར་ཁ། ནགས་ཚལ། རི་སྐྱེས་དངོས་རྫས་རྩ་ཆེན་ཤུན་ཏུ་ཕུན་སུམ་ཚོགས་པོ་ཡིན།

5.jpg

ཐེ་བོ་རྫོང་མངའ་ཁོངས་སུ་ནགས་ཚལ་མཐས་ཡས་བ་དང་། ཆུ་རྒྱུན་འཕྲེད་རྒྱུག དགུན་ཁ་མི་གྲང་། དབྱར་དུས་ཚ་བ་མེད་པ། ནམ་ཟླ་ཡག་པས“ནགས་ཚལ་གྱི་གྲོང་ཁྱེར་དང་། རང་བྱུང་དབྱང་མཛོད། འཚོ་སྡོད་ཞིང་ཁམས”བཅས་ཀྱི་མཚན་སྙན་ལྡན། ཐེ་བོ་རྫོང་ཁོངས་ཀྱི་སྔོ་ཁེབས་ཁྱབ་ཚད88.46%དང་། ནགས་ཚལ་ཁྱབ་ཚད64%ཡན་ཟིན་པ། རིམ་མཐོ་སྐྱེ་དངོས་རིགས1671དང་། དོམ་ཁྲ་སོགས་ཀྱི་རྩ་ཆེན་རི་སྐྱེས་སྲོག་ཆགས183 ། རི་སྐྱེས་ཤ་མོ་རིགས130 ། སྨན་སྤྱོད་སྐྱེ་དངོས127བཅས་ཡོད་པས། འཛམ་གླིང་གི་ཀན་ལྷོའི་སྟག་མའི་མེ་ཏོག་སོགས་ཀྱི་རྩ་ཆེན་སྐྱེ་དངོས་རིགས་འདེབས་འཛུགས་བྱེད་སའི་གཞི་རྒྱུ་མཛོད་ཡིན། དེ་ལ“སྐྱེ་དངོས་རྒྱལ་པོའི་རྒྱལ་ཁབ”“ཤར་ཕྱོགས་ཀྱི་ཨ་དེམ་ལྡུམ་ར”“ཤམ་པཱ་ལའི་གསང་ཡུལ”ཞེས་པའི་མཚན་སྙན་ཐོབ།

ཤར་ཕྱོགས་སུ་རྒྱང་སྐྱོད་ལམ་བུའི་ལ་གཟར་འགག་དང་ནུབ་ཕྱོགས་སུ་མི་ཡུལ་གྱི་ཞིང་ཁམས་བྲག་རྒན་ནང་། དབུས་སུ་ཆེས་མཐོ་བའི་གངས་རི་ཡོད་པས། མི་རྣམས་ཀྱིས་དབྱར་དུས་ནི་བོད་འབྲེལ་ཁུལ་རྫོང་ཆེས་མཛེས་པའི་ཡུལ་སྐོར་དུས་ཚིགས་ཡིན་ཡང་། ཐེ་བོ་རྫོང་དུ་དུས་ཚིགས་བཞིའི་སྣང་ཚུལ་འདྲ་མིན་སྣ་ཚོགས་ཡིན་ལ། རང་བྱུང་ཡུལ་ལྗོངས་ལྟ་ན་སྡུག་པ་དེ་ནི་ཐེ་བོ་རང་བྱུང་རི་མོ་འདིའི་མཚོན་བྱད་ངོ་མ་ཡིན། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།