ཀྲུང་གོ་བོད་ཀྱི་དྲ་བ།

གཙོད་གྲོང་ཁྱེར་གྱིས་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་བཏང་སྟེ་མང་ཚོགས་ཀྱིས་བྱ་བ་སྒྲུབ་པར་སྟབས་བདེ་བསྐྲུན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གངས་བསོད་ཀྱིས་བསྒྱུར།   སྤེལ་དུས། : 2023-02-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གཙོས་གྲོང་ཁྱེར་གྱིས་ཞབས་ཞུ་སྟབས་བདེ་ཅན་དམིགས་ཚད་དུ་འགྱུར་བ་བྱས་ནས“གོ་རིམ་ཉུང་བ་དང་།    ལྷུ་ཚིགས་སྟབས་བདེ་བ།    འཁོར་རྒྱུག་མགྱོགས་པ།    དུས་བཀག་ཐུང་བ།    ཞབས་ཞུ་ལེགས་པ”བཅས་ཀྱི་ལས་ཀའི་བླང་བྱར་དམིགས་ཏེ་སྲིད་དོན་ཞབས་ཞུ་ལྟེ་གནས་སུ“སྐར་ཁུང་གཅིག་གི་བདག་སྤྲོད་དང་གཅིག་འཐུས་ཞབས་ཞུའི”རྣམ་པ་གསར་པ་ཁྱབ་གདལ་བཏང་སྟེ་སྡེ་ཚན་ཁག་གི་བྱ་བ་གཅིག་གྱུར་ཐོག་བདག་སྤྲོད་བྱས་པ་རེད།    

གཙོད་གྲོང་ཁྱེར་གྱི་ལས་བཟོའི་སྒོ་བསྟེན་སྨན་ཁང་གི་སྨན་བཅོས་མི་སྣ་ཀྲའོ་ཞའོ་པའོ་ཡིས་བཤད་རྒྱུར། “གཙོས་གྲོང་ཁྱེར་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱིས་རྒྱ་ཆེའི་འགན་བཅོལ་ནང་ཞུགས་མཁན་ལ་གཅིག་འཐུས་རྣམ་པའི་ཞབས་ཞུ་བསྒྲུབ་རྒྱུ་དང་།    རྒྱུན་མཐོང་ནད་རིགས་དེ་ཐོ་འགོད་སྙན་སེང་བརྒྱུད་ས་ཆ་གཞན་དུ་ཐད་ཀར་རྩིས་རྒྱག་པའི་ཞབས་ཞུ་ལོངས་སྤྱོད་བྱ་རྒྱུ་ཡོད། འགྲོ་འོང་གི་འགྲོ་སོང་རྩིས་ཞུ་བྱེད་པའི་རྙོག་དྲ་མེད་པ་བཟོས་ནས་འགན་བཅོལ་ནང་ཞུགས་མཁན་གྱི་མ་དངུལ་སྔ་འདོན་གྱི་གནོན་ཤུགས་ཞི་ལྷོད་དུ་བཏང་ཡོད”ཟེར། 

གཙོད་གྲོང་ཁྱེར་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱིས་མང་ཚོགས་ཀྱིས་སྲིད་ཇུས་ཁག་དང་ལས་སྒྲུབ་བརྒྱུད་རིམ་ཤེས་རྟོགས་དེ་བས་ལེགས་པ་ཐུབ་རྒྱུར་སྟབས་བདེ་ཡོང་ཆེད།    ཚད་ལྡན་ཅན་གྱི་ཞབས་ཞུའི་ཐད་འབད་བརྩོན་ཆེན་པོ་བྱས་ནས་ཐོག་མའི་འདྲི་རྩད་འགན་འཁྲིའི་ལམ་ལུགས་དང་།    ཐེངས་གཅིག་རང་བཞིན་གྱི་གསལ་བཤད་ལམ་ལུགས།    དུས་བཀག་ནང་ཐག་གཅོད་བྱེད་པའི་ལམ་ལུགས་སོགས་ཀྱི་ལས་ཀའི་ལམ་ལུགས་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་བ་རེད།     བོད་རྒྱ་སྐད་གཉིས་ཀྱི་ཐོག་ནས་ལས་དོན་སྒྲུབ་པའི་ཕྱོགས་སྟོན་ཆེད་མངགས་པར་བརྒྱབ་སྟེ་ཞབས་ཞུའི་ནང་དོན་དང་།    ཞབས་ཞུའི་བརྒྱུད་རིམ།    ལས་ཀའི་འགན་འཁྲི།    ལྟ་སྐུལ་ཁ་པར་སོགས་ཡོངས་བསྒྲགས་བྱས་ནས་རྒྱུན་གཏན་གྱི་ལས་ཀའི་སྒྲིག་ལམ་ཡོད་པ་དང་།    གོ་རིམ་ལྡན་པ།    ཚད་གཞི་མཐོ་ཤོས་སྒོས་མང་ཚོགས་ལ་སྟབས་བདེ་ཡོང་བ་བཅས་བྱས་ཡོད།   

གཙོད་གྲོང་ཁྱེར་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡི་ལས་བྱེད་པ་ཧན་ལི་ན་ཡིས།     “ཁེ་ལས་ལ་སྟབས་གཅིག་ཅན་གྱི་ཞབས་ཞུ་བསྒྲུབས་བ་ནས་བཟུང་།     ཀུང་སི་འཛུགས་པའི་བརྒྱུད་རིམ་ཐད་སྟབས་བདེ་ཆེན་པོ་བྱུང་ནས་ལས་དོན་སྒྲུབ་མཁན་མང་ཚོགས་ཀྱིས་ཀན་སུའུ་ཡི་སྲིད་དོན་ཞབས་ཞུའི་དྲ་བ་བརྒྱུད་རང་འགུལ་ངང་རེ་ཞུ་བྱེད་ཆོག་པ་དང་།  དཔྱད་ཡིག་ཆ་ཚང་བསྐྱལ་རྗེས་ཀྱི་ལས་ཀའི་ཉིན་མོར་ལག་ཁྱེར་ལེན་ཆོག་པ་དང་དུས་མཚུངས།   སྟབས་བདེའི་ཐོ་ཁོངས་ནས་གསུབ་རྒྱུའི་དུས་བཀག་དེ་ཉིན20བར་ཐུང་དུ་བཏང་ནས་ཚོང་གཉེར་ཁོར་ཡུག་སྔར་བས་ལེགས་སུ་བཏང་སྟེ།  ཁེ་ལས་ཀྱི་ཐོབ་སྣང་དང་བློ་ཡིད་ཚིམ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུ་ཡིན”ཟེར། གཙོད་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་ཁེ་ལས་དང་མང་ཚོགས་བློ་ཡིད་ཚིམ་ཚད་ཚད་གཞི་ཨང་དང་པོ་བྱས་ནས་སྲིད་དོན་ཞབས་ཞུ་ཚད་ལྡན་ཅན་དང་སྟབས་བདེ་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་སྲིད་དོན་ཞབས་ཞུའི་ཁོར་ཡུག་ལེགས་སུ་བཏང་སྟེ་ཚོང་གཉེར་ཁོར་ཡུག་རྩེ་གྲ་བཏོད་ཡོད།     

གཙོད་གྲོང་ཁྱེར་གྱི་གཉེན་སྒྲིག་ཐོ་འགོད་པ་ཀུའོ་ཧུང་ལེན་གྱིས་བཤད་རྒྱུར།  “མིག་སྔར་གཉེན་སྒྲིག་ཐོ་འགོད་ཐད‘ཞིང་ཆེན་ནང་ཁུལ་དུ་ཐུན་མོང་ཐོག་གཉེར་བ’མངོན་འགྱུར་བྱུང་བ་དང་།  ས་ཁོངས་ཀྱི་ཚོད་འཛིན་མེད་པར་བཟོས་ནས་མང་ཚོགས་ལ་ས་ཆ་མང་པོར་བསྐྱོད་པ་དང་ཕར་རྒྱུག་ཚུར་རྒྱུག་བྱེད་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ནས་མང་ཚོགས་ཀྱི་ལས་དོན་སྒྲུབ་སྐབས་སྟབས་བདེ་ཆེན་པོ་བྱུང་ཡོད།    སླད་ཕྱིན་ང་ཚོས་གོ་རིམ་ཉུང་ཤོས་དང་།    བརྒྱུད་རིམ་ལེགས་ཤོས།    ཞབས་ཞུ་ཡག་ཤོས་བཅས་ཀྱི་སྲིད་དོན་ཞབས་ཞུའི་རྣམ་པ་ཧུར་ཐག་གཏོད་རྒྱུ་ཡིན”།   །

རྩོམ་སྒྲིག་པ། : གངས་བསོད།