ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་རྨ་ཆུ་རྫོང་གིས་ལྗང་མདོག་འཕེལ་རྒྱས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་ཇེ་མཐོར་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-02-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན། རྨ་ཆུ་རྫོང་གིས་ཕྱོགས་ཡོངས་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་ཕྱོགས་དོན་འཁྱོལ་ལག་བསྟར་དང་། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་པ་བཞིན། “རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི”ཡིན་པའི་འཕེལ་རྒྱས་འདུ་ཤེས་ཇེ་བརྟན་དུ་བཏང་ནས། ཐོན་ཁུངས་ནུས་བ་འདོན་སྤེལ་གང་ལེགས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོའི་སྲིད་ཇུད་འགན་ཁུར་ཆེན་པོ་འཁུར་ཞིང་། སྐྱེ་ཁམས་སྔོན་འགྲོ་ཐབས་ཇུས་རྒྱུན་འཁྱོངས་བྱས་ནས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་། ཉེ་བའི་ལོ་འགའི་རིང་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར10བཏང་ནས་ཕྱུགས་དོར་རྩྭ་སྤེལ་དང་། བྱ་འགྱུར་ཕྱོགས་བསྡུས་བཅོས་སྐྱོང་། ཞན་འགྱུར་རྩྭ་ཐང་སྐྱེ་ཁམས་ཉམས་གསོ། རྨ་ཆུའི་འགྲམ་རྒྱུད་ཀྱི་བྱེ་འགོག་ནགས་ར་འཛུགས་སྐྲུན། རྩྭ་ཐང་ཨ་བྲའི་གནོད་འཚེ་འགོག་བཅོས། ནུས་མཐོ་ཆུ་གྲོན་ཆུང་བྱས་ནས་ཆུ་གཏོང་བ། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐྱེ་ཁམས་ཉམས་གསོ་སོགས་ཀྱི་གཙོ་གནད་རྣམ་གྲངས་ལག་བསྟར་བྱས་ཤིང་། ཕྱོགས་བསྡུས་བཅོས་སྐྱོང་དང་། འབྱུང་ཁུངས་བཅོས་སྐྱོང་། ས་ཁུལ་བཅོས་སྐྱོང་། གཅིག་གྱུར་འཆར་འགོད་ཀྱིས་རི་ཆུ་ནགས་ཞིང་། མཚོ། རྩྭ་ཐང་། བྱེ་ས་བཅས་ལ་གཞི་གཅིག་ཅན་གྱིས་སྲུང་སྐྱོང་ཉམས་གསོ་བྱས་པས། རྫོང་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་མངོན་གསལ་ཡིན་ལ། ཆུ་ཁུངས་གསོ་སྐྱོང་ནུས་བ་རྒྱུན་མཐུད་ངང་ཤུགས་ཇེ་ཆེར་སོང་བ། རྨ་ཆུའི་ཆུ་རྒྱུན་དལ་འབབ་སྲུང་སྐྱོང་དང་དབུས་སྨད་རྒྱུད་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་དང་། སྐྱེ་ཁམས་བདེ་འཇགས་ཕྱོགས་ནས་བྱས་རྗེས་ཆེན་པོ་བཞག་ཡོད།

སྲུང་སྐྱོང་དང་ཉམས་གསོ་ལ་ཤུགས་སྣོན་པ་རྨང་གཞིར་བཟུང་ནས། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་བཏང་བ། སྐྱེ་ཁམས་ནི་རྨ་ཆུའི་ཆེས་ཆེ་བའི་ལེགས་ཆ་དང་། ཆེས་ཆེ་བའི་ཟོང་རྟགས་ཡིན་པ་མ་ཟད། ཆེས་མཛེས་པའི་རྨང་གཞིའི་ཁ་མདོག་ཡིན་པས། གནམ་སྔོན་པོ་དང་ཆུ་དྭངས་མོ། ས་གཙང་མའི་འགན་སྲུང་དམག་འཐབ་ཡག་པོ་བརྒྱབ་ནས། རིམ་བཞིན་རྨ་ཆུ་ཁྱད་ཆོས་ལྡན་པའི་མཐོ་གྲང་བྱེ་འགྱུར་དང་རྩྭ་ཐང་བཅོས་སྐྱོང་བྱེད་པའི་དཔེ་དབྱིབས་འཚོལ་ཞིབ་བྱས་ནས། ཕྱོགས་ཡོངས་ནས《རྨ་ཆུ་རྫོང་གི་བྱེ་འགྱུར་རྩྭ་ཐང་བཅོས་སྐྱོང་ལག་རྩལ་ཚད་ལྡན་ཅན་དུ་འགྱུར་བར》ཁྱབ་གདལ་དང་བེད་སྤྱོད་བྱས། ཉེ་བའི་ལོ་འགའི་རིང་བསྡོམས་པས་བྱེ་འགྱུར་ས་ཞིང་མུའུ་ཁྲི33.99དང་། ས་ནག་ཐང་མུའུ127 ། བརླན་ས་ཉམས་གསོ་མུའུ་ཁྲི42.3བཅོས་སྐྱོང་བྱས་ནས། ནུས་ལྡན་ངང་རྩྭ་ཐང་ཞན་འགྱུར་མུའུ་ཁྲི426བཅོས་སྐྱོང་བྱས་པ་མ་ཟད། རྨ་ཆུའི་འགྲམ་རྒྱུད་དུ་རྒྱལ་ཁབ་ཀྱི་བྱེ་འགྱུར་བཀག་འགོག་སྲུང་སྐྱོང་ཁུལ་སྤྱི་ལེ་གྲུ་བཞི་མ100ལྷག་འཛུགས་སྐྲུན་བྱས། མིག་སྔར་རྨ་ཆུའི་འགྲམ་རྒྱུད་རྩྭ་ཐང་བྱེ་འགྱུར་ཞན་འགྱུར་གཞི་རྩའི་བཀག་འགོག་ཐེབས་པ་དང་། རྩྭ་ཐང་སྐྱེ་ཁམས་ནུས་བ་དང་ཐོན་སྐྱེད་རང་བཞིན་མངོན་གསལ་མཐོ་རུ་ཕྱིན་པ། རྨ་ཆུའི་ཆུ་མཚམས་ཀྱི་ཆུ་ཁུངས་གསོ་སྐྱོང་དང་མཁོ་སྤྲོད་ནུས་བ་རྒྱུན་མཐུད་ངང་མཐོ་རུ་ཕྱིན་པ། རི་སྐྱེས་སྲོག་ཆགས་ཁྱུ་ཚོགས་རིགས་ལོ་རེར་ཇེ་མང་དུ་ཕྱིན་པས། ལྗང་མདོག་ཚུལ་སྒྱུར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐྱེ་ཁམས་རྨང་གཞི་བཙུགས། 2022ལོའི་རྩྭ་ཐང་འགུལ་རྣམ་ལྟ་ཞིབ་དང་ཆུ་དཔྱད་གཞི་གྲངས་ལས་མངོན་པ་ལྟར་ན། རྨ་ཆུ་རྫོང་གི་རྩྭ་ཐང་སྔོ་ཁེབས་ཁྱབ་ཚད98.34%ཟིན་པ་དང་། 2018ནས2022བར་གྱིས་ལོ5རིང་རྨ་ཆུའི་ཆུ་མཚམས་ཆ་སྙོམས་ཕྱིར་གཏོང་བཞུར་ཚདm3དུང་ཕྱུར་ཟིན་པས་ལོ10སྔོན་དང་བསྡུར་ན68.1%ཀྱིས་འཕར་ཡོད། ལོ་རེའི་ཆ་སྙོམས་ཆུ་ཐོན་ཁུངས་ཁ་སྣོན་ཚདm3དུང་ཕྱུར100.1ཟིན་ནས་ལོ10སྔོན་དང་བསྡུར་ན81.7%འཕར།

དམངས་འཚོ་བདེ་སྐྱིད་མཐོ་རུ་གཏོང་རྒྱུ་དམིགས་འབེན་དུ་བཟུང་ནས། སྐྱེ་ཁམས་དཔལ་ཡོན་གྱི་གྲུབ་འབྲས་མཉམ་དུ་སྤྱོད་པ། རྨ་ཆུ་ཡིས་དུས་དང་རྣམ་པ་ཀུན་ཏུ་སྐྱེ་ཁམས་ཕན་ནུས་སྲུང་སྐྱོང་གི་མགོ་རྩོམ་ས་དང་གཞི་ཚུགས་སར་བྱས་ནས། མགྱོགས་མྱུར་ངང་ཆུ་འཐེན་ནུས་གསོག་རྣམ་གྲངས་ལག་བསྟར་བྱས་ཏེ་ཐཱན་འདུས་དཔལ་འབྱོར་འཕེལ་རྒྱས་འཚོལ་ཞིབ་ཀྱིས་སྐྱེ་ཁམས་ཁ་གསབ་ཚོད་ལྟ་གནས་ལ་སྐུལ་འདེད་དང་། མི་སྡོད་ཁོར་ཡུག་ལེགས་བཅོས། རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་བཏང་ནས་ཕྱོགས་མང་ས་ནས་གྲོང་གསེབ་སྐྱེ་ཁམས་དར་སྤེལ་ལ་རམ་འདེགས་བྱས། རྒྱུན་རྣམ་ཅན་གྱིས་ཕྱུགས་བཀག་དང་རྩྭ་ཕྱུགས་དོ་མཉམ་ལས་དོན་ལ་སྐུལ་འདེད་བྱས་ནས“གྲོང་གསེབ་དོ་མཉམ”དང“དུད་ཁྱིམ་དོ་མཉམ”གྱི་རྩྭ་ཕྱུགས་འགུལ་རྣམ་དོ་མཉམ་དམིགས་འབེན་མངོན་འགྱུར་བྱུང་། 2021ལོར་བསྡོམས་པས་ཕྱུགས་ཟོག་ལུག་མགོ་ཁྲི65.11ཇེ་ཉུང་དུ་བཏང་ནས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར2.3ཟིན་པ། དེ་དང་ཆབས་ཅིག ཤུགས་ཡོད་ཚད་ཀྱིས་འབྲི་གཡག་བོད་ལུག་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ནས། རྨ་ཆུའི་རྟ་རའི་འབྲི་གཡག་སྟོང་གི་གསོ་སྤེལ་རྟེན་གཞི་དང་བོད་ལུག་གསོ་སྤེལ་རྟེན་གཞི་བཙུགས། ཤུགས་ཆེན་པོས་རིག་གནས་ཡུལ་སྐོར་དཔལ་འབྱོར་འཕེལ་རྒྱས་སུ་བཏང་ནས། ལས་རིགས་གསར་བའི་འབྲོག་མི་གསོ་སྦྱོང་དང་སྐྱེ་ཁམས་ལྗང་མདོག་ཐོན་ལས་གསོ་སྤེལ་བརྒྱུད། སྲོལ་རྒྱུན་གསོ་སྤེལ་ལས་རིགས་ནས་བཟོ་ལས་སོགས་ཀྱི་ཐོན་ལས་གཞན་དུ་སྒྱུར་བའི་མི་གྲངས་མི་ཐེངས4000ཟིན་པ། 2022ལོའི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར1.07ཟིན་པ། ཞིང་ཆེན་རིམ་པའི་ཕྱུགས་ལས་ཐོན་རྫས་སྣེ་ཁྲིད་ཁེ་ལས3དང་། སྐྱེ་ལྡན་ལུད་རྫས་ཐོན་སྐྱེད་ལས་སྣོན་ཁེ་ལས5ལ་རམ་འདེགས་བྱས་ནས། བསྡོམས་པས་ས་གནས་ལས་ཞུགས་མི་ཐེངས་ཁྲི1ཟིན་པ་དང་། སྐྱེ་ལྡན་ལུད་ཕྱིར་འཚོང་ཡོང་འབབ་སྒོར་དུང་ཕྱུར2.5མངོན་འགྱུར་བྱུང་བ། བྱེད་ཐབས་སྣ་མང་གིས་སྐྱེ་ཁམས་ཁེ་ཕན་ཕྱིར་བཏང་སྟེ་འབྲོག་པ་མང་ཚོགས་འབབ་འཕར་དང་རྫོང་ཁོངས་སྤྱི་ཚོགས་དཔལ་འབྱོར་བདེ་ཐང་ངང་འཕེལ་རྒྱས་འབྱུང་བར་སྐུལ་འདེད་བཏང་།   །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།