ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་བླ་བྲང་དགོན་གྱིས་མེ་ཏོག་མཆོད་མཇལ་བཤམས་ཏེ་རྒྱ་ལོ་བཅོ་ལྔར་རོལ་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-02-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2.jpg

3.jpg

4.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས5ཉིན་གྱི་མཚན་མོར་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་བླ་བྲང་དགོན་དུ་དགེ་འདུན་པ་ཚོས་ཆོ་ག་སྣ་ཚོགས་སྤེལ་ནས་རྒྱ་ལོ་བཅོ་ལྔའི་མེ་ཏོག་མཆོད་མཇལ་བཤམས་པའི་མཛད་སྒོ་སྤེལ་བ་དང་གང་ས་གང་དུ་དད་ལྡན་མང་ཚོགས་ཀྱིས་ཁེངས་ཡོད།

བླ་བྲང་དགོན་གྱི་འདུ་ཁང་ཆེན་མོའི་སྒོ་མདུན་དུ། བཟོ་རྩལ་ཕུལ་དུ་བྱུང་བའི་མར་ལས་བཟོས་པའི་ལྷ་སྐུ་དགུ་བཤམས་ཡོད་ལ། དགེ་འདུན་པ་རྣམས་རུ་བསྒྲིགས་ནས་ཆོས་འདོན་བཞིན་དད་ལྡན་མང་ཚོགས་དང་མཉམ་དུ་གནམ་ལོ་གསར་བའི་ནང་བཀྲ་ཤིས་ཁམས་བཟང་ཡོང་བའི་སྨོན་འདུན་ཞུས་པ་རེད། གཞན་ཡང་རྒྱལ་ཁབ་ཕྱི་ནང་ནས་ཡོང་བའི་ཡུལ་སྐོར་པ་ཚོས་རྣམ་པ་དེ་པར་ལེན་སོགས་གང་སར་འདུ་འཛི་ཆེ་བ་ཞིག་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།