ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཡི་ཕྱི་ཕྱོགས་ཉོ་འཚོང་གི་ཕྱིར་གཏོང་ནང་འདྲེན་གྱི་སྤྱིའི་རིན་ཐང་སྒོར་དུང་ཕྱུར584.2ཡིན་པ་དང་དུས་མཚུངས་ལས18.8%འཕར།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-01-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས17ཉིན་གསར་འགོད་པས་ལན་ཀྲུའུ་མཚོ་འགག་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། 2022ལོར་ཀན་སུའུ་ཡི་ཕྱི་ཕྱོགས་ཉོ་འཚོང་གི་ཕྱིར་གཏོང་ནང་འདྲེན་སྤྱིའི་རིན་ཐང་སྒོར་དུང་ཕྱུར584.2ཡིན་པ་དང་། དུས་མཚུངས་ལས18.8%འཕར། དེའི་ནང་ཕྱིར་གཏོང་རིན་ཐང་སྒོར་དུང་ཕྱུར127.3ཟིན་པ་དེ་དུས་མཚུངས་ལས31.4%འཕར་བ་དང་། ནང་འདྲེན་རིན་ཐང་སྒོར་དུང་ཕྱུར456.9ཟིན་པ་དེ་དུས་མཚུངས་ལས15.7%འཕར་ཡོད།

ཕྱིར་གཏོང་ནང་འདྲེན་གྱི་གཞི་ཁྱོན2014ལོ་ཚུན་གྱི་ཆེས་མཐོ་ཤོས་ཡིན།

2022ལོར། ཀན་སུའུ་ཡི་ཕྱིར་གཏོང་ནང་འདྲེན་གྱི་སྤྱིའི་རིན་ཐང་སྒོར་དུང་ཕྱུར584.2ཟིན་པ་དང2021ལོའི་གཞི་གྲངས་མཐོ་བའི་རྨང་གཞིའི་ཐོག་བརྟན་ཐོག་འཕར་སྣོན་བྱུང་ནས། 2014ལོ་ཚུན་གྱི་གཞི་ཁྱོན་ཆེས་མཐོ་ཤོས་བཏོད། དུས་ཚིགས་དབྱེ་ནས་བལྟས་ན། དུས་ཚིགས་དང་པོ་དང་གཉིས་པ། གསུམ་པ། བཞི་པ་བཅས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་སོ་སོ་སྒོར་དུང་ཕྱུར167.4དང་སྒོར་དུང་ཕྱུར151.1། སྒོར་དུང་ཕྱུར137.2། སྒོར་དུང་ཕྱུར128.5ཡིན་པ་དང་འཕར་ཚད་སོ་སོར22.8%དང20.9%། 15%། 15.5%རེད།

ཉོ་འཚོང་རོགས་ཟླའི་ཐད། རོགས་ཟླ་ཆེ་གྲས་ལྔ་དང་ཕྱིར་གཏོང་ནང་འདྲེན་བྱེད་ཚད་ཚང་མ་འཕར་བཞིན་ཡོད་པ་དང་། “རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་རྒྱལ་ཁབ་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་བསྡུར་ཚད་སྔར་བས་མཐོ་རུ་ཕྱིན།  2022ལོར་ཀན་སུའུ་ཡིས་ཧ་སག་སི་ཐན་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ། ཁོང་ཀོ(ཅིན)ཨོ་སི་ཁྲུ་ལི་ཡ། ཡོ་རོབ་མནའ་འབྲེལ་བཅས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་སོ་སོར་སྒོར་དུང་ཕྱུར134.4དང་སྒོར་དུང་ཕྱུར58.8། སྒོར་དུང་ཕྱུར44.2། སྒོར་དུང་ཕྱུར43.1། སྒོར་དུང་ཕྱུར39.2ཡིན་པ་དེ་དུས་མཚུངས་དང་བསྡུར་ན་སོ་སོར44.9%དང84.6%། 116.3%། 63%། 15.1%འཕར་ཡོད། དུས་མཚུངས་སུ། ཀན་སུའུ་ཡིས“རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་རྒྱལ་ཁབ་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་སྒོར་དུང་ཕྱུར278.3ཟིན་པ་དེ་དུས་མཚུངས་ལས23.8%འཕར་བ་དེས་ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་ཉོ་འཚོང་གི་སྤྱིའི་རིན་ཐང་གི47.6%བཟུང་ཡོད་པ་དེ་ལོ་སྔོན་མ་ལས་བརྒྱ་ཆའི་ཚེག2འཕར་ཡོད། RCEPཁོངས་གཏོགས་རྒྱལ་ཁབ་ཀྱི་ཕྱིར་གཏོང་ནང་འདྲེན་རིན་ཐང་སྒོར་དུང་ཕྱུར137.8ཟིན་པ་དེ་དུས་མཚུངས་ལས49.3%འཕར་ཡོད།   

ལས་སྣོན་ཉོ་འཚོང་གི་གཞན་སྒྱུར་གོམ་འགྲོས་རྒྱུན་མཐུད་ངང་ཇེ་མགྱོགས་སུ་ཕྱིན།

2022ལོར། ཀན་སུའུ་ཡི་གཞུང་གཏོགས་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་རིན་ཐང་སྒོར་དུང་ཕྱུར393.8ཟིན་པ་དེ་དུས་མཚུངས་ལས31.3%འཕར་བ་དང་། དེས་ཀན་སུའུ་ཡི་ཕྱི་ཕྱོགས་ཉོ་ཚོང་གི་རིན་ཐང་སྤྱི་འབོར་གྱི67.4%ཟིན་པ་དེ་ལོ་སྔོན་མ་ལས་བརྒྱ་ཆའི་ཚེག6.4འཕར། ཕྱིར་གཏོང་རིན་ཐང་སྒོར་དུང་ཕྱུར21.7ཟིན་པ་དེས་དུས་མཚུངས་ལས69.8%འཕར་བ་དང་། ནང་འདྲེན་རིན་ཐང་སྒོར་དུང་ཕྱུར372.1ཟིན་པ་དེས་དུས་མཚུངས་ལས29.6%འཕར་ཡོད། དེ་དང་ཆབས་ཅིག ཀན་སུའུ་ཡི་དམངས་གཉེར་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་རིན་ཐང་སྒོར་དུང་ཕྱུར1863ཟིན་པ་དེས་དུས་མཚུངས་ལས0.1%འཕར་ཞིང་། དེས་ཞིང་ཆེན་ཡོངས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་སྤྱི་འབོར་གྱི31.9%བཟུང་། ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་བཞག་པའི་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་རིན་ཐང་སྒོར་དུང་ཕྱུར4ཟིན།

2022ལོར། ཀན་སུའུ་ཡི་སྤྱིར་བཏང་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་ཚད་སྒོར་དུང་ཕྱུར389.3ཟིན་པ་དེ་དུས་མཚུངས་ལས16.5%འཕར་ཞིང་། དེས་ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་ཉོ་ཚོང་གི་སྤྱིའི་རིན་ཐང་གི66.6%ཟིན།  དེའི་ནང་ཕྱིར་གཏོང་རིན་ཐང་སྒོར་དུང་ཕྱུར88.4ཟིན་པ་དེ་དུས་མཚུངས་ལས45.8%འཕར་བ་དང་། ནང་འདྲེན་རིན་ཐང་སྒོར་དུང་ཕྱུར300.9ཟིན་པ་དེ་དུས་མཚུངས་ལས10%འཕར། དུས་མཚུངས་སུ། ཀན་སུའུ་ཡི་ལས་སྣོན་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་སྒོར་དུང་ཕྱུར171.7ཟིན་པ་དེ་དུས་མཚུངས་ལས57.9%འཕར་ཞིང་། དེས་ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་ཉོ་ཚོང་གི་སྤྱིའི་རིན་ཐང་གི29.4%བཟུང་བ་དང་། བརྒྱ་ཆའི་ཚེག7.3འཕར་ཏེ། ལས་སྣོན་ཉོ་ཚོང་གི་གཞན་སྒྱུར་གོམ་འགྲོས་རྒྱུན་མཐུད་ངང་ཇེ་མགྱོགས་སུ་ཕྱིན། ཕྱིར་གཏོང་རིན་ཐང་སྒོར་དུང་ཕྱུར33.2ཟིན་པ་དེ་དུས་མཚུངས་ལས13.7%འཕར་བ་དང་། ནང་འདྲེན་རིན་ཐང་སྒོར་དུང་ཕྱུར138.5ཟིན་པ་དེ་དུས་མཚུངས་ལས74.1%འཕར་ཡོད།

ཕྱིར་གཏོང་ཐོན་རྫས་གཙོ་བོ་ཕྱིར་གཏོང་བྱེད་ཚད་འཕར་བཞིན་ཡོད།

2022ལོར། ཀན་སུའུ་ཡི་འཕྲུལ་གློག་ཐོན་རྫས་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར62.3ཟིན་ཏེ་དུས་མཚུངས་ལས23%འཕར། དེའི་ནང་གློག་རྡུལ་ལྷུ་ལག་ཆེ་གྲས་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར23.4ཟིན་པ་དང་།  གློག་ལས་ཡོ་ཆས་ཕྱིར་གཏོང་རིན་ཐང་སྒོར་དུང་ཕྱུར12ཟིན་པ་དེ་དུས་མཚུངས་ལས21%འཕར། དུས་མཚུངས་སུ། ཀན་སུའུ་ཡི་ཞིང་ལས་ཐོན་རྫས་ཕྱིར་གཏོང་རིན་ཐང་སྒོར་དུང་ཕྱུར24.6ཟིན་པ་དེ་དུས་མཚུངས་ལས29.7%འཕར་ཡོད།  །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།