ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་མཚམས་ཀྱི་རྨ་ཆུའི་ཆུ་ལོག་སྔོན་འགོག་རྣམ་གྲངས་ཕྱོགས་ཡོངས་ནས་སྤྱོད་མགོ་ཚུགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-01-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཀན་སུའུ་ཞིང་ཆེན་ཆུ་བེད་ཐིང་ནས་རྒྱུས་ལོན་པ་ལྟར་ན།ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་ཁོངས་ཀྱི་ཆུ་ལོག་སྔོན་འགོག་རྣམ་གྲངས་ཉེ་ཆར་མཇུག་སྒྲིལ་ནས་ཞིབ་བཤེར་རྩིས་ལེན་ཐོབ་པ་དང་། དེས་ཀན་སུའུ་མཚམས་ཀྱི་རྨ་ཆུའི་ཆུ་ལོག་སྔོན་འགོག་རྣམ་གྲངས་ཕྱོགས་ཡོངས་ནས་སྤྱོད་མགོ་ཚུགས་པ་མཚོན་ཡོད། 

ཀན་སུའུ་མངའ་ཁོངས་ཀྱི་རྨ་ཆུའི་ཆུ་ལོག་སྔོན་འགོག་རྣམ་གྲངས་ནི2015ལོར་འཛུགས་སྐྲུན་མགོ་བརྩམས་པ་དང་། དེ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འཁེལ་བྱས་པའི་ཆུ་གྲོན་ཆུང་དང་ཆུ་མཁོ་སྤྲོད་བྱེད་པའི་གཙོ་གནད་རྣམ་གྲངས172ཀྱི་གྲས་ཤིག་ཡིན་པ་དང་། གནོད་འགོག་གནོད་འཕྲིའི་དམངས་འཚོ་རྣམ་གྲངས་ཡིན་པ་མ་ཟད། སྐྱེ་ཁམས་སྲུང་སྐྱོང་རྣམ་གྲངས་ཤིག་ཀྱང་ཡིན། རྣམ་གྲངས་མཇུག་སྒྲིལ་རྗེས་ཕན་ནུས་ལྡན་པའི་སྒོ་ནས་ཀན་སུའུ་ཞིང་ཆེན་རྨ་ཆུའི་འགྲམ་རྒྱུད་ཀྱི་གྲོང་ཁྱེར4(ཁུལ)དང་། རྫོང15(ཆུས)། རྨོོ་ཞིང་མུའུ་ཁྲི53.12དང་རྩྭ་སའི་ཆུ་ལོག་སྔོན་འགོག་བདེ་འཇགས་ལ་སྲུང་སྐྱོང་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།