ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོའི་ཀ་ཤུལ་སྡེ་བ“2022ལོའི་ཀྲུང་གོའི་ཆེས་མཛེས་པའི་སྤྲོ་གསེང་གྲོང་གསེབ”ཀྱི་མིང་ཐོ་ཁྲོད་ཚུད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-11-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2.jpg

3.jpg

པར་འདི་གཉིས་ནི་ཀ་ཤུལ་སྡེ་བའི་རྣམ་པ་ཡིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མིག་སྔར། གསར་འགོད་པས་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་ཨུ་དྲིལ་སྒྲོག་པུའུ་ནས་རྒྱུས་ལོན་པ་ལྟར་ན། ཀླུ་ཆུ་རྫོང་ཀ་ཤུལ་སྡེ་བ་ཞིང་ལས་གྲོང་གསེབ་པུའུ་ཡིས་རྩ་འཛུགས་འདེམས་བསྐོ་བྱས་པའི“2022ལོའི་ཆེས་མཛེས་པའི་སྤྲོ་གསེང་གྲོང་གསེབ”ཀྱི་མིང་ཐོ་ནང་ཚུད་པ་རེད།

ཉེ་བའི་ལོ་འགའི་རིང་། ཀན་ལྷོ་ཁུལ་གྱི“ཁོངས་ཡོངས་སུ་གད་སྙིགས་མེད་པ”དང“ཁོར་ཡུག་གསར་བརྗེ” ། “ལྔ་མེད་ཀན་ལྷོ”བཏོད་པ། “བཅུ་ལྡན་ཁྱིམ་གཞིས”སྐྲུན་པ། མཚོ་བོད་མཐོ་སྒང་གི་ལྗང་མདོག་དེང་རབས་ཅན་གྱི་སྔོན་འགྲོ་དཔེ་སྟོན་ཁུལ་སོགས་ཀྱི་ལས་དོན་གཏིང་ཟབ་པའི་སྒོ་ནས་སྤེལ་བ་བརྒྱུད། ཀ་ཤུལ་སྡེ་བ་སྤྱིར་བཏང་གི་སྡེ་བ་ཞིག་ནས་མཐོ་སྒང་གི“སྐྱེ་ཁམས་ཡུལ་སྐོར་བོད་སྡེ་དང་པོ”རུ་གྱུར་ནས། སྡེ་བའི་ལོ་རྒྱུས་དངོས་མང་བཤམས་སྟོན་ཁང་སྐྲུན་པ་དང་། རིག་གནས་ཐང་ཆེན་སྐྲུན་པ། དྲ་རྒྱ་ཕྱོགས་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱུང་། ཀ་ཤུལ་གྱི་རྣམ་པ་ལ་གནམ་ས་བླ་འོག་བརྗེ་བའི་འགྱུར་ལྡོག་བྱུང་ནས། 2019ལོར་རྒྱལ་ཁབ་ཀྱི4Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ་དུ་སྙན་ཞུ་བྱས་ནས་གྲུབ་འབྲས་ཐོབ་པ་རེད། 

ཤེས་གསལ་ལྟར་ན། ཐེངས་འདིའི་འདེམས་བསྐོ་ནི་ཞིང་ལས་གྲོང་གསེབ་པུའུ་ཡིས་རྩ་འཛུགས་བྱས་ནས་སྤེལ་ཞིང་། གཙོ་བོ་ཐོན་ལས་ལེགས་ཆ་མངོན་གསལ་ཡིན་པ་དང་། ཞབས་ཞུ་སྒྲིག་བཀོད་འཐུས་ཚང་ཡིན་པ། གྲོང་སྲོལ་གོམས་གཤིས་ལེགས་པ། སྤུས་རྟགས་ནུས་བ་མངོན་གསལ་ཡིན་པའི་མཛེས་སྡུག་གྲོང་གསེབ་འོས་སྦྱོར་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིས་སྔར་ལས་ལྷག་པའི་རི་ཆུ་ཀླུང་གསུམ་གྱི་མཛེས་ལྗོངས་ལོངས་སུ་སྤྱོད་པ་དང་། གྲོང་གསེབ་ཀྱི་ཐོན་སྐྱེད་དང་འཚོ་བའི་སྐྱེ་ཁམས་རིན་ཐང་མཐོ་རུ་འགྲོ་བའི་སྣེ་ཁྲིད་པ། ཞིང་བ་འབབ་འཕར་ཡོང་བའི་ལམ་བུའི་རྒྱ་སྐྱེད་པ། གྲོང་གསེབ་ཀྱི་ཐོན་ལས་དང་པོ་གཉིས་བ་གསུམ་པ་མཉམ་འདྲེས་ཀྱིས་འཕེལ་རྒྱས་བྱུང་བར་སྐུལ་འདེད་བཅས་བྱས་ཡོད། རྒྱལ་ཡོངས་སུ་སྡེ་བ255མིང་ཐོ་དེའི་ནང་ཚུད་ཡོད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།