ཀྲུང་གོ་བོད་ཀྱི་དྲ་བ།

མདོ་ལ་རི་བོའི་སྐྱེ་ཁམས་སླར་གསོ་ལ་ཕན་འབྲས་མངོན་གསལ་ཐོབ་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-11-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མདོ་ལ་རི་བོ་ནི་རང་རྒྱལ་ནུབ་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཡིན་པ་མ་ཟད། རྨ་ནུབ་དོག་ལམ་གྱི་ཚེ་སྲོག་གི་ཆུ་ཁུངས་ཡིན་ལ། རང་རྒྱལ་དང“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་རྒྱལ་ཁབ་དང་ས་ཁུལ་རྨང་གཞིའི་སྒྲིག་བཀོད་ཕན་ཚུན་འབྲེལ་ཞིང་སྤེལ་རེས་བྱེད་པའི་ངེས་པར་དུ་བརྒྱུད་དགོས་པའི་འགྲོ་ལམ་ཡིན། ནམ་ཟླའི་འགྱུར་ལྡོག་གིས་མདོ་ལ་རི་བོའི་ཆུའི་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་གི་ཤུགས་རྐྱེན་ལ་ཐེབས་པའི་དཔྱད་དཔོག་ལས་དོན་སྤེལ་བར། ལྗང་མདོག་འཕེལ་རྒྱས་ཀྱི་ཉམས་མྱོང་དཔེ་དབྱིབས་འཚོལ་ཞིབ་མངོན་འགྱུར་བྱས་ནས། མདོ་ལ་རི་བོས་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏོད་པའི་རྒྱལ་སྤྱིའི་དཔེ་སྟོན་ཁུལ་གསར་འཛུགས་བྱེད་པ་དང་། ཚན་རིག་གི་བྱེད་ཐབས་སྤྱད་དེ་མདོ་ལ་རི་བོའི་སྐྱེ་ཁམས་བཅོས་སྐྱོང་དང་། “རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་ཀྱི་རྒྱལ་ཁབ་དང་ས་ཁུལ་གྱི་འབབ་རྒྱུད་བཅོས་སྐྱོང་ལ་མིག་དཔེ་འཇོག་པར་དོན་སྙིང་གལ་ཆེན་ལྡན་པ་རེད

ཉེ་བའི་ལོ་འགའི་རིང་། ཀན་སུའུ་ཞིང་ཆེན་གྱིས་མདོ་ལ་རི་བོའི་སྐྱེ་ཁམས་སླར་གསོ་བྱ་གཞག་སྤེལ་བར་ཕན་འབྲས་མངོན་གསལ་ཐོབ་ཡོད། 

སྐྱེ་ཁམས་གནས་ཚུལ་སྤྱིའི་ཆ་ནས་བརྟན་བརླིང་ཡིན་པ། མདོ་ལ་རི་བོའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རྩྭ་སའི་རྒྱ་ཁྱོན་མངོན་གསལ་གྱིས་ཆེ་རུ་ཕྱིན་ནས། ནགས་ཚལ་དང་ནགས་རྫོབ་ཇེ་སྟུག་དུ་འགྲོ་བཞིན་པ་དང་།  སྔོ་ཁེབས་སྐྱེས་ཚུལ་སྤྱིའི་ཆ་ནས་ལེགས་བཅོས་བྱུང་ཞིང་། མངོན་གསལ་ལེགས་བཅོས་ཁྱབ་ཁོངས་སྲུང་སྐྱོང་ཁུལ་གྱིས་སྤྱིའི་རྒྱ་ཁྱོན་བསྡུར་ཚད་ཀྱི37.5%ཟིན་ཡོད། སྔོ་ཁེབས་བསྡུར་གྲངས་དང་། སྔོ་ཁེབས་ཁྱབ་ཚད། སྔོ་ཁེབས་ཐོན་སྐྱེད་བྱེད་ཤུགས་མཐོ་རུ་འགྲོ་བའི་རྣམ་པ་མངོན་ནས། སྔོ་ཁེབས་བསྡུར་གྲངས་འཕར་ཚད10.88%དང་། སྔོ་ཁེབས་ཁྱབ་ཚད་འཕར་ཚད7.81%། སྔོ་ཁེབས་ཐོན་སྐྱེད་བྱེད་ཤུགས་འཕར་ཚད14.8%བཅས་ཟིན་ཡོད།

སྐྱེ་ཁམས་ཁོར་ཡུག་སྤུས་ཚད་བརྟན་བརླིང་ངང་མཐོ་རུ་སོང་བ། མདོ་ལ་རི་བོའི་སྲུང་སྐྱོང་ཁུལ་གྱི་ས་ངོས་ཆུ་དང་། བཏུང་ཆུའི་ཆུ་ཁུངས་ཀྱི་ཆུའི་སྤུས་ཚད་ལེགས་པའི་ཚད་གཞིར་སླེབས་ཤིང་། དེའི་ནང་རིགསIཡི་ཆུའི་བསྡུར་ཚད58%ཟིན་ལ། མཁའ་དབུགས་སྤུས་ཚད་རྒྱལ་ཁབ་ཀྱི་ཚད་གཞིར་སླེབས་པ་དང་། ས་རྒྱུའི་ཁོར་ཡུག་སྤུས་ཚད་སྤྱིའི་ཆ་ནས་ལེགས་པ་རེད། 

མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ཚོད་ལྟ་བྱེད་ས་ཡིས་དུས་རིམ་རང་བཞིན་གྱི་ཕན་འབྲས་བླངས་ཡོད། མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་ཁྱབ་ཁོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་སྔོ་ཁེབས་ཁྱབ་ཚད་མངོན་གསལ་གྱིས་མཐོ་རུ་ཕྱིན་པ་དང་། སྐྱེ་ཁམས་མ་ལག་སྤུས་ཚད་དང་བརྟན་བརླིང་རང་བཞིན་སྔར་ལས་ལྷག་པའི་སྒོ་ནས་མཐོ་རུ་ཕྱིན་ཞིང་། མདོ་ལ་རི་བོའི་རྒྱལ་ཁབ་ཁྱབ་ཁོངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་དང་རི་སྐྱེས་སྲོག་ཆགས་འཚོ་སྡོད་གནས་ལ་ནུས་པ་ལྡན་པའི་སྲུང་སྐྱོང་ཐོབ་པས། གཙོ་གནད་རི་སྐྱེས་སྲོག་ཆགས་ཁྱུ་ཚོགས་དང་འགུལ་སྐྱོད་ཁྱབ་ཁོངས་མུ་མཐུད་དུ་རྒྱ་ཇེ་ཆེར་སོང་བ་དང་། རྒྱལ་ཁབ་སྤྱི་གླིང་གི་འདུ་ཤེས་ལ་དམངས་ཀྱི་ཁས་ལེན་ཐོབ་ནས། སྤྱི་ཚོགས་ཞུགས་ཚད་རིམ་བཞིན་ཇེ་མཐོར་འགྲོ་བཞིན་ཡོད། 

ཀན་སུའུ་ཞིང་ཆེན་གནམ་གཤིས་སྡེ་ཚན་གྱིས་ཞིང་ཆེན་ཨུ་ལྷན་དང་ཞིང་ཆེན་སྲིད་གཞུང་དང་ཀྲུང་གོ་གནམ་གཤིས་ཅུའུ་ཡི་བཀོད་སྒྲིག་ལྟར། རང་འགུལ་མཉམ་འདྲེས་དང་། གནད་འཁེལ་ཤུགས་འདོན། ཕྱོགས་བསྡུས་ཐབས་འདོན། སྐྱེ་ཁམས་གནམ་གཤིས་ཞབས་ཞུ་འཕེལ་རྒྱས། སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ཧུར་ཐག་གིས་གཏོད་པ། མིས་ཆར་དབབ་པ། གནམ་གཤིས་ཚན་རྩལ་གསར་གཏོད་ཀྱི“གནས་གསུམ་གཞི་གཅིག”གི་སྐྱེ་ཁམས་གནམ་གཤིས་ཞབས་ཞུ་དཔེ་དབྱིབས་གསར་བ་སྐྲུན་ནས། བརྗིད་ཉམས་ལྡན་པའི་མདོ་ལ་རི་བོའི་རི་སྔོ་ཆུ་དྭངས་སྲུང་བཞིན་ཡོད།

གཞན་ཡང་། མདོ་ལ་རི་བོའི“རི་ཆུ་ནགས་ཞིང་དང་རྩྭ་ཐང་། བྱེ་ས། འཁྱགས་རོམ ”བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོང་སླར་གསོའི་དགོས་མཁོར་གཞིགས་ནས། སྡེ་ཚན་མང་པོ་མཉམ་འབྲེལ་སྒོས་མདོ་ལ་རི་བོའི་མངའ་ཁོངས་སུ་འཁྱགས་རོམ་དང་། ནགས་ཚལ། རྩྭ་ཐང་། བྱེ་ཐང་སྤང་ལྗོངས། ཐང་རྒོད་སོགས་ཀྱི་དཔེ་མཚོན་ས་ངོས་སྐྱེ་ཁམས་གནམ་གཤིས་ལྟ་དཔྱད་ཚད་འཇལ་མ་ལག་བཙུགས་པ་དང་། མདོ་ལ་རི་བོའི་རི་ཁུལ་རྨ་ནུབ་དོག་ལམ་ལམ་རྒྱུད་དུ་ཁྱབ་པའི་སའི་གོ་ལའི་མ་ལག་རིམ་མང་ཕན་ཚུན་ནུས་པ་འདོན་པའི་ལྟ་ཞིབ་ཚད་འཇལ་མ་ལག་ཐོག་མར་བསྐྲུན་པ་རེད། 

གཏིང་ཟབ་པའི་སློབ་སྦྱོང་ལག་རྩལ་དང་། འོད་རྒྱུན་ཐབས་སོགས་ལ་བརྟེན་ནས། དུས་ཚོད0ནས2བར་གྱི་སྐར་མ6དང་། སྐར་མ30 །  དུས་ཚོད་གཅིག་བཅས་བར་གྱི་མདོ་ལ་རི་བོའི་རི་ཁུལ་གྱི་ཆར་འབབ་ཚད་ཀྱི་སྔོན་བརྡ་ཞིབ་འཇུག་གསར་སྤེལ་བྱས་ཤིང་། དུས་ཚོད1སྔོན་བརྡ་གཏོང་བའི་བྱང་ཚད0.48སླེབས་ཡོད། 

“གནོད་འཚེའི་རིགས་འབྱེད། ཁྱབ་ཁོངས་འབྱེད་པ། ལས་རིགས་འབྱེད་པ། དུས་ཚོད་འབྱེད་པ། དྲག་ཚད་འབྱེད་པ། ཤུགས་རྐྱེན་འབྱེད་པ”བཅས་ཀྱི་གནམ་གཤིས་ཞབས་ཞུ་འདུ་ཤེས་བརྒྱུད། མདོ་ལ་རི་བོའི་རི་ཁུལ་གཙོ་བོར་འཛིན་པའི་ནགས་ཚལ་རྩྭ་ཐང་ཐོན་ཁུངས་སྲུང་སྐྱོང་གནམ་གཤིས་མེ་སྐྱོན་ཉེན་འགོག་སྔོན་བསྒྲགས་སྔོན་ཚུད་ཉེན་བརྡ་ལ་ཤུགས་སྣོན་དང་། ཆུའི་ཐོན་ཁུངས་བེད་སྤྱོད། ཆུ་ལོག་ས་གཤིས་གནོད་འཚེའི་ཉེན་བརྡ་སྔོན་བསྒྲགས། གློག་དྲ། འགྲིམ་འགྲུལ། སྣུམ་འདྲེན་སྦུག་གུའི་བདེ་འཇགས་འགན་སྲུང་། ཡུལ་སྐོར་ཐོན་ཁུངས་གསར་སྤེལ་དང་གནམ་གཤིས་འདེགས་སྐྱོར་སོགས་ཀྱི་གནམ་གཤིས་ཞབས་ཞུ་ལས་དོན་ལ་ཤུགས་བསྣན་པ་རེད། 

དགོས་མཁོ་སྔོག་བཤེར་དང་ཐོན་རྫས་གསར་སྤེལ། མ་ལག་གསར་སྤེལ་བྱས་ནས། སྔར་ལས་ཕྲ་ཞིང་ཞིབ་པ་དང་ཁ་གཏད་རང་བཞིན་གྱི་གནམ་གཤིས་ལྟ་ཞིབ་ཚད་འཇལ། སྔོན་བསྒྲགས། གནམ་གཤིས་སྔོན་དཔག དཔྱད་གཞིའི་ལས་རིགས་ཀྱི་གནམ་གཤིས་ཞབས་ཞུ་ཐོན་ལས་ཀྱིས་ལས་རིགས་ལ་ཞབས་ཞུ་བྱས་ཏེ། གནམ་གཤིས་ཞབས་ཞུ་ལས་དོན་དེ་ཧུར་ཐག་གིས་ལས་རིགས་ཀྱིས་གནོད་འཚེ་འགོག་པ་དང་། གནོད་འཚེ་ཉུང་དུ་གཏོང་བ། ཕན་གཉེར་གནོད་གཡོལ། སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཐོབ་པའི་གནམ་གཤིས་ཐོན་ཁུངས་བེད་སྤྱོད་ནང་བཞག་ནས། ཀན་སུའུ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་རམ་འདེགས་བྱས་པ་བརྒྱུད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲུང་སྐྱོང་བྱེད་དགོས། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།