ཀྲུང་གོ་བོད་ཀྱི་དྲ་བ།

ས་བབ་སྨི3500གི་མཐོ་སྒང་དུ་མི་རྣམས་ཀྱིས“རྨ་ཆུའི་མཁལ་མ”སྲུང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-11-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2.jpg

པར་འདི་ནི་རྨ་ཆུ་དབལ་བན་ཚང་བརླན་སའི་མཛེས་ལྗོངས་ཡིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་ནི་མཚོ་བོད་མཐོ་སྒང་གི་བྱང་ཤར་རྒྱུད་ཀྱི་མཐའ་མཚམས་སུ་གནས་ཤིང་། འདི་རུ་རང་བྱུང་རྩྭ་ཐང་དང་ན་འདམ། བརླན་ས་གང་སར་ཁྱབ་པས་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་གསོ་སྐྱོང་ཁུལ་གཙོ་བོ་དང་མཁོ་སྤྲོད་ཁུལ་གཙོ་བོ་ཡིན་ལ། ས་ཁྱོན་མུའུ་ཁྲི560ཟིན་པའི་རྨ་ཆུ་བརླན་ས་ནི་འཛམ་གླིང་ཐོག་ཉར་ཚགས་ཆེས་ཆ་ཚང་བའི་མཐོ་གྲང་ན་འདམ་བརླན་སའི་གྲས་ཤིག་ཡིན་པས། “རྨ་ཆུའི་མཁལ་མ”ཞེས་པའི་མཚན་སྙན་ལྡན།

3.jpg

པར་འདི་ནི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་ཁོངས་ཀྱི་བརླན་ས་ནང་གི་རྟ་ཁྱུ་ཡིན།

དགུན་དུས་སླེབས་པ་དང་བསྟུན། ཀན་སུའུ་རྨ་ཆུའི་མགོ་ཁུངས་རྒྱལ་ཁབ་རིམ་པའི་རང་བྱུང་ཁུལ་དོ་དམ་སྲུང་སྐྱོང་ལྟེ་གནས་སྨད་མ་སྲུང་སྐྱོང་ས་ཚིགས་ཀྱི་ལས་དོན་མི་སྣ་ཝང་ཅ་དབྱང་དང་ལས་གྲོགས་ཚོས་ལོ་ཕྱེད་རིང་སྲུང་བའི་དུས་བྱ་དང་ཁ་གྱེས་ཤིང་། “ཉིན་རྒྱུན་གྱི་སྐོར་ཞིབ་ལས་དོན་ལ་དོན་སྙིང་མེད་པ་ལྟར་སྣང་ཡང་། དུས་བྱ་ཡིས་ང་ཚོའི་བྱ་བར་སྐྱེ་སྟོབས་དང་དགའ་སྤྲོ་འཁྱེར་ཡོང་ཡོད”ཅེས་བཤད།

རྨ་ཆུ་བརླན་ས་ཡིས་ཀླུང་རྒྱ་སྡོམ་ནས་ལོ་ངོ20རིང་འགོར་བས། དུས་བྱ་ལ་ཕུན་སུམ་ཚོགས་པའི་ཟས་རིགས་མཁོ་འདོན་བྱས་ཡོད། ཝང་ཅ་དབྱང་གིས། ནམ་ཟླ་མི་ལེགས་པའི་དུས་སུ་སྲུང་སྐྱོང་ཁུལ་གྱི་ལས་དོན་མི་སྣས་སྐོར་ཞིབ་རོགས་སྐྱོབ་དང་། མ་རྨོས་ལོ་ཏོག་གཏོར་བའི་ཐབས་སྤྱད་དེ་དུས་བྱ་ལ་ཁ་ཟས་མཁོ་འདོན་བྱས་པ་ཡིན་ཞེས་ངོ་སྤྲོད་བྱས། ཉེ་བའི་ལོ་འགའི་རིང་། རྨ་ཆུ་བརླན་ས་རུ་དུས་བྱ་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། དེའི་ཁྲོད་ཁྲུང་ཁྲུང་སྐེ་ནག་འཚོ་སྡོད་གྲངས་འབོར480ཟིན།

4.jpg

པར་འདི་ནི་ཡུལ་སྐོར་བ་འགའ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་གི་རྟ་ར་ཞིག་ནས་ཡུལ་སྐོར་བྱེད་བཞིན་པའི་ཚུལ་རེད།

རྨ་ཆུ་རྫོང་རང་བྱུང་ཐོན་ཁུངས་ཅུའུ་ཡི་མཐོ་རིམ་བཟོ་བཀོད་པས་ངོ་སྤྲོད་ལྟར་ན། མིག་སྔའི་བར་དུ། རྨ་ཆུ་རྫོང་གིས་ཕྱོགས་བསྡུས་ངང་ས་ནག་ཐང་དང་། ཨ་བྲ་དང་འབུ་ཡི་གནོད་འཚེ། བྱེ་འགྱུར་ཞན་འགྱུར་རྩྭ་ས་སོགས་ཀྱི་བཅོས་སྐྱོང་རྒྱ་ཁྱོན་མུའུ་ཁྲི150ཟིན་ཞིང་། བརླན་ས་སྲུང་སྐྱོང་དང་སླར་གསོ་རྒྱ་ཁྱོན་མུའུ་ཁྲི40ཟིན་ཡོད། “བརླན་སའི་སྲུང་སྐྱོང་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་ནས། ཆུ་ཁུངས་གསོ་སྐྱོང་ནུས་པ་མངོན་གསལ་གྱིས་ལེགས་སུ་ཕྱིན་ཡོད”ཅེས་བཤད།

རྨ་ཆུ་རྫོང་དབལ་བན་ཚང་གྲོང་རྡལ་གྱི་གྲོང་མི་ཟླ་ཁོ་ཡིས་ཚོར་སྣང་ལ། ལོ་འགའི་ནང་། ཕ་ཡུལ་གྱི་རྩྭ་ཆུ་ཉིན་བཞིན་ཕུན་སུམ་ཚོགས་པར་གྱུར་ནས། བརླན་སའི་ཁོར་ཡུག་རིམ་བཞིན་ལེགས་སུ་ཕྱིན་པ་དང་། རང་གི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། སྔོན་ཆད། ཁོས་རྩྭ་ཐང་དང་ནོར་ལུག་རྐྱང་རྐྱང་སྲུང་ནས་འཚོ་བ་རོལ་བ་དང་། ད་ལྟ། ཁོས“འབྲོག་ཁྱིམ་སྤྲོ་གསེང་གླིང”ཞིག་གཉེར་བས་སྐྱེ་ཁམས་ལ་བརྟེན་ནས་ཡོང་འབབ་འཕར་བ་དང་། “རྩྭ་ཐང་ལ་སྲུང་སྐྱོང་བྱེད་པའི་ཆེད། ཁྱིམ་གྱི་འབྲི་གཡག་གི་གྲངས་ཀ200ནས80བར་ཉུང་དུ་སོང་ཡོད་ལ། འབྲི་གཡག་གི་གྲངས་ཀ་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་བཞིན་ཡོད་པས། ལས་ཀའང་ཇེ་ཡང་དུ་སོང་ཡོད” ། འབྲི་གཡག་གི་ཡོང་འབབ་མ་གཏོགས། རང་ཁྱིམ་གྱིས་ལོ་རེར་སྒོར་ཁྲི1.5གི་རྩྭ་ཐང་ཁ་གསབ་དངུལ་ལེན་བཞིན་ཡོད་པ་དང་། འབྲོག་ཁྱིམ་སྤྲོ་གསེང་གླིང་གིས་ལོ་རེར་སྒོར་ཁྲི3གྱི་ཡོང་འབབ་བསྐྲུན་ཐུབ་ཅེས་བཤད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།