ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྟོན་གྱི་གུང་གསེང་རིང་ལན་ཀྲོའུ་ལ་ལོག་པའམ་ལན་ཀྲོའུ་ནས་འགྲོ་བའི་མེ་འཁོར་ནང་འདུག་སྐབས་ཀྱི་བླང་བྱ་གསར་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-09-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2022ལོའི་རྒྱལ་སྟོན་དུས་ཆེན་གྱི་ལྕགས་ལམ་སྐྱེལ་འདྲེན་ལས་དོན་ཟླ9པའི་ཚེས28ཉིན་དངོས་སུ་སྤེལ་མགོ་ཚུགས་པ་དང་། ད་ལོའི་རྒྱལ་སྟོན་གུང་གསེང་གི་སྐྱེལ་འདྲེན་དུས་བཀག་ནི་ཟླ9པའི་ཚེས28ཉིན་ནས་ཟླ10པའི་ཚེས8ཉིན་བར་ཡིན་པ་དང་དུས་ཡུན་ཉིན11རེད། སྔོན་དཔག་བྱས་ན་ཀྲུང་གོ་ལྕགས་ལམ་ལན་ཀྲོའུ་ཅུའུ་ལན་ཀྲོའུ་འབབ་ཚུགས་ཀྱི་ས་ཚིགས་ཡོངས་ཀྱིས་འགྲུལ་པ་མི་ཐེངས་ཁྲི50སྐྱེལ་འདྲེན་བྱེད་པ་དང་ཉིན་རེར་ཆ་སྙོམས་མི་ཐེངས་ཁྲི4.57སྐྱེལ་འདྲེན་བྱེད་དེ། འགྲུལ་རྒྱུན“དུས་མགོ་དང་དུས་མཇུག་མི་གྲངས་མང་ལ་བར་དུ་མི་གྲངས་ཅུང་ཉུང་བའི”ཁྱད་ཆོས་ལྡན།

     པ་སེ་སྔོན་ཚོང་གི་གནས་ཚུལ་ལ་བལྟས་ན། འགྲུལ་པ་མང་དུས་ནི་ཟླ10པའི་ཚེས1ཉིན་ཡིན་ལ། ཉིན་གཅིག་ལ་འགྲུལ་པ་ཁྲི6སྐྱེལ་རྒྱུ་རེད། ས་ཆ་མང་པོར་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ཏེ། འགྲུལ་པ་སྐྱེལ་འདྲེན་བྱེད་སྐབས་ཞིང་ཆེན་ནང་ཁུལ་གྱི་ཐག་ཉེའི་འགྲུལ་རྒྱུན་གཙོ་བོར་བྱེད་པ་དང་། ལམ་ཐག་ཐུང་ངུའི་ཁ་ཕྱོགས་ཐེན་ཧྲུའེ་དང་ལུང་ནན། ཅ་ཡུས་ཀོན། ཀྲང་ཡེ་སོགས་སུ་གཅིག་སྡུད་བྱས་ཡོད། ཐག་རིང་འགྲུལ་རྒྱུན་པེ་ཅིང་དང་ཞི་ཨན། ཧྲང་ཧའེ། ཧང་ཀྲོའུ། ཀོང་ཀྲོའུ། ཁྲེང་ཏུའུ་སོགས་ས་ཁུལ་དུ་གཅིག་སྡུད་བྱས་ཡོད། ཡུལ་སྐོར་དང་སློབ་མའི་འགྲུལ་རྒྱུན་ལོ་སྔོན་མ་ལས་ཇེ་ཉུང་དུ་ཕྱིན།

       འགྲུལ་པ་འགྲོ་སྐྱོད་བྱེད་པའི་ཐད། ལན་ཀྲོའུ་དང་ལན་ཀྲོའུ་ནུབ་མ། ལན་ཀྲོའུ་ཁུལ་གསར། ཀྲུང་ཁྲོན་གནམ་ཐང་སོགས་ས་ཚིགས་སུ“གཙང་བཤེར་གཅིག་དང་ཞིབ་བཤེར་གསུམ”དོན་འཁྱོལ་ནན་མོ་བྱས་ནས་འགྲུལ་པའི་གཟུགས་པོའི་དྲོད་གྲངས་དང་། བདེ་ཐང་བཤེར་ཨང་། ཆུ་ཚོད48རིང་གི་ཉིང་སྐྱུར་དཔང་ཡིག་བཅས་ལ་ཞིབ་བཤེར་བྱེད་རྒྱུ། པེ་ཅིང་དུ་འགྲོ་མཁན་གྱིས་ད་དུང“པེ་ཅིང་གི་བདེ་ཐང་ནོར་བུའི”ལྗང་མདོག་ཨང་རྟགས་ལ་ཞིབ་བཤེར་བྱེད་པ་དང་འབྲེལ། འབབ་ཚུགས་ཀྱི་བདེ་འཇགས་ཞིབ་བཤེར་ཐེངས་གཉིས་བྱེད་དགོས། ལན་ཀྲོའུ་འབབ་ཚུགས་བརྒྱུད་དེ་འགྲོ་བའི་ཡུལ་སྐོར་བས་འབབ་ཚིགས་ནས་བུད་དེ་ཉིང་སྐྱུར་ཐེངས་གཅིག་བརྟག་དགོས་པ་མ་ཟད། ས་གནས་ཀྱི་རིམས་འགོག་མི་སྣས་བརྗེ་སྤོར་འབབ་ཚིགས་སུ་བསྐྱལ་དགོས། ལན་ཀྲོའུ་ནུབ་མ་བརྒྱུད་དེ་འགྲོ་བའི་ཡུལ་སྐོར་བས་ཐད་ཀར་ཆེད་དམིགས་བགྲོད་ལམ་བརྒྱུད་མགྱོགས་མྱུར་ངང་མེ་འཁོར་བརྗེ་དགོས།

     འགྲུལ་པ་འབྱོར་སྐབས། ཉེན་ཁ་ཆུང་བའི་ས་ཁུལ་གྱི་འགྲུལ་པས“ཞའོ་ལན་ལས་རོགས”ལ་བཤེར་ནས་ཆུ་ཚོད48རིང་གི་ཉིང་སྐྱུར་བརྟག་འབྲས་སྲིབ་གཤིས་ཡིན་པའི་དཔང་ཡིག་དགོས། ཉིན་བདུན་གྱི་ནང་དུ་ཉེན་ཁ་ཆེ་བའི་ས་ཁུལ་གྱི་རྫོང(གྲོང་ཁྱེར།    ཁུལ།    རྫོང)དུ་འགྲོ་སྡོད་ཀྱི་གནས་ཚུལ་ཡོད་པའི་འགྲུལ་པ་རྣམས་ས་གནས་ཀྱི་རིམས་འགོག་སྡེ་ཁག་ལ་སྤྲོད་དགོས།

      བདེ་འཇགས་འགྲོ་སྐྱོད་ཁོར་ཡུག་ཅིག་བསྐྲུན་ཆེད། མེ་འཁོར་འབབ་ཚུགས་ཀྱིས་པ་སེ་འཚོང་ས་དང་། རླངས་འཁོར་སྒུག་ས། འབབས་ཚུགས་ཀྱི་འཛུལ་སྒོ་སོགས་གཙོ་གནད་ས་ཁོངས་སུ་སྔོན་འགོག་རང་བཞིན་གྱི་དུག་སེལ་བྱེད་དགོས་པ་མ་ཟད། ད་དུང་ཆུ་ཚོད2ཀྱི་མཁའ་དབུགས་རྒྱུ་རུ་འཇུག་པ་དང་གཙང་སྦྲ་དུག་སེལ་སོགས་ཀྱི་རིམས་འགོག་བྱ་ཐབས་དོན་འཁྱོལ་ནན་མོ་བྱས་ནས། གྲལ་སྒྲིག་སྐབས་སྨི1གི་བར་ཐག་འཇོག་པ་དང་། ཁ་ཐུམ་གྱོན་པ། ཁ་གྲལ་ནས་སྡོད་པ་སོགས་ཀྱི་རིམས་འགོག་ཤེས་བྱ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ། དུས་མཚམས་དབྱེ་ནས་འབབས་ཚུགས་སུ་འཛུལ་བ་དང་། ས་ཁོངས་དབྱེ་ནས་མེ་འཁོར་ལ་སྒུག་པ། འབབ་ཚུགས་ནས་འབུད་སྐབས་འགྲོ་སྐྱོད་ཚོད་འཛིན་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་འགྲུལ་པ་འདུ་འཛོམས་ཇེ་ཉུང་དུ་གཏོང་དགོས། རིམས་འགོག་བདེ་འཇགས་འགན་ལེན་བྱེད་པའི་རྨང་གཞིའི་ཐོག མེ་འཁོར་འབབ་ཚུགས་ཀྱིས་ལྕགས་ལམ་གྱི“008”ཀྱི་ཉེ་འབྲེལ་ཞབས་ཞུའི་དཔེ་སྟོན་ལས་གནས་དང“མཁའ་དབྱིངས་ཀྱི་བགྲོད་ལམ་གསར་པའི”ཞབས་ཞུའི་སྤུས་རྟགས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། ཏང་ཡོན་དང་ཐོན་ཡོན་སྒྲིག་འཛུགས་བྱས་ནས“དྲ་བ་ནས་བྲལ་བའི་མི་ཚོགས”ལ་བདེ་ཐང་ཨང་རྟགས་ཐོ་འགོད་བྱེད་རོགས་དང་། རྒན་རྒོན་དང་དབང་པོ་སྐྱོན་ཅན། བྱིས་པ། ནད་པ། སྦྲུམ་མ་བཅས་རིགས་ལྔའི་གཙོ་གནད་འགྲུལ་པ་སྔོན་ལ་འབབ་ཚུགས་སུ་བསྐྱོད་པ་སོགས་ཀྱི་ཞབས་ཞུའི་བྱ་ཐབས་རབ་དང་རིམ་པ་དོན་འཁྱོལ་བྱེད་དགོས།  །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།