ཀྲུང་གོ་བོད་ཀྱི་དྲ་བ།

​ཀན་ལྷོ་གཙོད་གྲོང་ཁྱེར་གྱིས་རྫོང་ཁོངས་དཔལ་འབྱོར་གྱི་སྤུས་ཚད་གཉིས་ཀ་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-09-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྟོན་མགོའི་དུས་སུ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོད་གྲོང་ཁྱེར་དུ་བསྐྱོད་ཚེ། མིག་ལམ་དུ་མངོན་པ་ནི་རང་བྱུང་མཛེས་ལྗོངས་ཡིན། 

ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར33.4ཟིན་པ་དེ་དུས་མཉམ་ལས7.2%འཕར་ནས་ཀན་ལྷོ་ཁུལ་གྱི་ཨང་དང་པོར་སླེབས་པ་དང་། གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་སྒོར་དུང་ཕྱུར10.31བཏང་བ་དེ་དུས་མཉམ་ལས11.5%འཕར་ཞིང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར16778ཟིན་པ་དེ་དུས་མཉམ་ལས4%འཕར། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར3320ཟིན་པ་དེ་དུས་མཉམ་ལས་5.71%འཕར་བ་སོགས་ཀྱི་གསོན་ཉམས་ལྡན་པའི་གཞི་གྲངས་དེ་དག་ལས་ད་ལོའི་ལོ་སྟོད་ཀྱི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མཚོན་ཡོད།

ཉེ་བའི་ལོ་འགའི་རིང་། གཙོད་གྲོང་ཁྱེར་གྱིས་རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་བྱ་གཙོ་བོར་བྱས་ནས“མཚོ་བོད་ཀྱི་སྐར་ཁུང·གངས་ལྗོངས་ཀྱི་གཙོད་གྲོང”བསྐྲུན་པའི་དམིགས་ཚད་དམ་པོར་བཟུང་ནས། “མེད་པ་ལྔ”དང“ཁྱིམ་གཞིས་བཅུ”གསར་གཏོད་དང་། གྲོང་ཁྱེར་གསར་བརྗེ། གྲོང་གསེབ་འཛུགས་སྐྲུན་བཅས་འགུལ་སྐྱོད་ཆེན་པོ་གསུམ་ལག་བསྟར་ཤུགས་ཆེན་བྱས་པས། རིག་གནས་ཡུལ་སྐོར་དང་དེང་རབས་ཞིང་ཕྱུགས་ལས་ཀྱི་ཐོན་ལས་ཆེན་མོ་གཉིས་ནུས་ཤུགས་ཡོད་རྒུས་སྟོབས་ཆེར་ཕྱིན་པ་དང་། རིམས་ནད་བཀག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱས་ཏེ། གསོག་འབོར་ནུས་ཤུགས་ཡོད་རྒུས་རྒྱ་ཆེར་གཏོང་བ་དང་འཕར་ཚད་གསར་གཏོད་བྱས་པས་ལས་དོན་སོ་སོ་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད།

བར་སྣང་ནས་ལེ་བར་བརྒྱ་ཕྲག་ཡོད་པའི་ཀླུ་ཆུའི་ལམ་རྒྱུད་ལ་ལྟ་དུས། མིག་ལམ་དུ་མངོན་པ་ནི་གྲལ་སྒྲིག་པའི་ཤ་མོའི་དྲོད་ཁང་ཆེན་མོ་དང་། བརྗིད་ཆགས་ལྡན་པའི་མུའུ་སྟོང་གི་སྨན་རྩྭ་འདེབས་འཛུགས་རྟེན་གཞི། ཆ་འགྲིག་པའི་མཛོ་མོ་གསོ་སྤེལ་རྟེན་གཞི་བཅས་ཡིན་པ་དང་། དེ་དག་ལས་གྲོང་གསེབ་ཀྱི་ཁྱད་ལྡན་ལེགས་ཆའི་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་འབྱུང་བཞིན་པའི་ཚོར་སྣང་ཟབ་མོ་སྟེར་ཐུབ།

ད་ལོའི་ལོ་སྟོད་དུ་གཙོད་གྲོང་ཁྱེར་གྱིས་ཞིང་ཆེན་དང་ཁུལ་གྱི་སྲིད་ཇུས་ཀྱི་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་བྱས་ཏེ། གཙོད་གྲོང་མི་དམངས་སྤྱི་གླིང་དང་། ཀན་ལྷོ་ཁུལ་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་རིག་གནས་ཀྱི་བརྗོད་དོན་གཙོ་བོའི་ཐང་ཆེན། དུང་ཕྲུག་རྩྭ་ཐང་གིA5རིམ་པའི་མཛེས་ལྗོངས་ཁུལ་གཏོད་པ་སོགས་རྣམ་གྲངས་མགྱོགས་མྱུར་ལག་བསྟར་བྱས་ནས་རྣམ་གྲངས་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་བ་རེད། དེ་དང་ཆབས་ཅིག“ཕྱིར་སྐྱོད་པ་དང་ནང་འདྲེན་བྱེད་པའི”འཕེལ་རྒྱས་བསམ་ཕྱོགས་མཐའ་འཁྱོངས་ཀྱིས་ཀྲུང་ཤིན་ཀྲིན་ཡེ་དང་། ཀྲུང་ཤིན་གོ་རུན་སོགས་ཁེ་ལས་སྔ་རྗེས་སུ་གཙོད་གྲོང་ཁྱེར་དུ་རྟོག་ཞིབ་བྱེད་པར་གདན་དྲངས་པ་དང་། ཧུའུ་ནན་ཀྲུའུ་ཀྲོའུ་ཀྲུང་ཁྲེ་ཀུང་སིར་རིག་གནས་ཡུལ་སྐོར་རྣམ་གྲངས་རྟོག་ཞིབ་དང་འབྲེལ་མཐུད་བྱེད་དུ་བསྐྱོད་ལ། གཞན་ཡང་རུའེ་ཐུའུ་ཚན་རྩལ་དང་། ཧའེ་ནན་ཧྲི་ཡོན་ཐུང་ཏ། ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་ཚོགས་པ་བཅས་དང་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་དང་མཉམ་ལས་གྲོས་མཐུན་བཞག་པར་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས9ཡོད་པ་དང་། མ་འཇོག་སྒོར་དུང་ཕྱུར13.4ཟིན་པའི་ནང་རྣམ་གྲངས7ལས་མགོ་ཚུགས་པ་དང་། མ་དངུལ་སྒོར་དུང་ཕྱུར2.48ལེགས་འགྲུབ་བྱུང་།

“ཞབས་ཞུ་ཅན་གྱི་གྲོང་ཁྱེར་”འཕེལ་རྒྱས་གཏོང་བའི་ངེས་གནས་གཞིར་བཟུང་། གཙོད་གྲོང་ཁྱེར་གྱིས་ཚོང་དོན་ལམ་ལུགས་བཅོས་བསྒྱུར་བྱེད་པར་སྐུལ་འདེད་གཏིང་ཟབ་བཏང་ནས། ཁྲོམ་རའི་བདག་པོ་སྣ་ཚོགས1532གསར་དུ་འཕར། གནམ་ལོ་གསར་ཚེས་དང་། དཔྱིད་གསར་དུས་ཆེན། ལྔ་གཅིག་གུང་གསེང་གི་འཛད་སྤྱོད་བཅས་ལ་དམ་པོར་དམིགས་ཏེ། བཟའ་བཏུང་ཞག་སྡོད་དང་ཁྱིམ་སྤྱོད་གློག་ཆས་གྱོན་ཆས་ཁེ་ལས39སྒྲིག་འཛུགས་བྱས་ནས་ཁེ་མེད་ཕྱིར་ཚོང་དང་། དྲ་ཐོག་རིན་གཅོག་སོགས་ཀྱི་བྱ་འགུལ་སྤེལ་བ་བརྒྱུད། ཐབས་མང་མཉམ་སྤྱོད་ཀྱིས་ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱས་པ་དང་། ཞིང་ཆེན་རིམ་པའི་ཚོང་ལས་མ་ལག་འཛུགས་སྐྲུན་རྣམ་གྲངས2འོས་སྦྱོར་དང་སྙན་ཞུ་ཕུལ། སྒོར་ཁྲི་200གྲབས་གསོག་བྱས་ནས“གཙོད་གྲོང་ཉོ་སྒྲུབ་དུས་ཚིགས”ཀྱི་ལེགས་སྐྱེས་མང་པོ་བཀོད་སྒྲིག་བྱས་ནས་གཙོད་གྲོང་གི་གྲོང་མིར་ཕན་པའི་འཛད་སྤྱོད་བྱ་འགུལ་ལ་སྐུལ་འདེད་བཏང་། རླངས་འཁོར་དང་། ཁྱིམ་སྤྱོད་གློག་ཆས། བཅོས་སྣུམ་སོགས་གྲོང་ཁྱེར་ནང་སྐྱེལ་བ་དང་། ས་གནས་ཞིང་ལས་ཐོན་རྫས་དང་སིལ་འཚོང་བཟའ་བཏུང་སོགས་ཀྱི་ཁྱབ་ཁོངས་ནང་འཛད་སྤྱོད་འཛིན་ཤོག་གི་རྣམ་པའི་ཐོག་ནས་ཁ་གསབ་སྤྲོད་པ་དེས་སྔོན་དཔག་བྱས་ན་ཁྲོམ་རའི་འཛད་སྤྱོད་སྒོར་ཁྲི2000ལ་སྐུལ་ཁྲིད་བྱས་ཡོད། ཤར་ནུབ་རྒྱུད་ཀྱི་མཉམ་སྒྲུབ་འཛད་སྤྱོད་རོགས་སྐྱོར་མ་དངུལ་སྤྱད་དེ་བསྡུར་ཚད་ལྟར་ཁེ་ལས་ཀྱི་དུས་རིམ་དང་པོའི་ཕྱིར་འཚོང་བྱ་དགའི་ཁ་གསབ་རོགས་དངུལ་སྒོར་ཁྲི9.2སྤྲད་པ་དང་། ཞིང་ལས་ཁྱད་ལྡན་ཐོན་རྫས་ཕྱིར་འཚོང་སྒོར་ཁྲི308ལ་སྐུལ་ཁྲིད་བྱས་ཡོད།

ད་ལོའི་ལོ་སྟོད་དུ་གཙོད་གྲོང་ཁྱེར་གྱིས“ས་ཚིགས་སུ་ཚད་ལྡན་ལ་དམ་འཛིན་དང་། དྲ་ཐོག་དུ་འབྲེལ་མཐུད་ལ་དམ་འཛིན། ཁྱོན་ཡོངས་ནས་གཞི་ཁྱོན་ལ་དམ་འཛིན། ཐོན་སྐྱེད་ལ་བརྟེན་ནས་སྤུས་ཚད་ལ་དམ་འཛིན། ཐོན་རྫས་ལ་བརྟེན་ནས་སྤུས་རྟགས་ལ་དམ་འཛིན། སྤྱི་ཡོངས་ནས་ལྗང་མདོག་ལ་དམ་འཛིན”བཅས་ཀྱི་བསམ་ཕྱོགས་གཞིར་བཟུང་། “ནོར་དང་ལུག གཟན་རྩྭ། འབྲུ་རིགས། སྨན་རྫས། ཤ་མོ”བཅས་ཁྱད་ལྡན་ཐོན་ལས་ཆེན་པོ་དྲུག་འཕེལ་རྒྱས་འགྲོ་བར་སྤྱི་འདོམས་སྐུལ་འདེད་བཏང་བ་དང་། མ་དངུལ་སྒོར་ཁྲི7647བཏང་ནས་ཁྱད་ལྡན་ཐོན་ལས་རྣམ་གྲངས་ཆེན་པོ་དྲུག་ལག་བསྟར་བྱས་པའི་ནང་རྣམ་གྲངས4བསྐྲུན་ཟིན་པ་དང་། ལྷག་མའི་རྣམ་གྲངས9གོ་རིམ་ལྡན་པའི་ངང་ལག་བསྟར་བྱེད་བཞིན་ཡོད།

ཤེས་གསལ་ལྟར་ན། གཙོད་གྲོང་ཁྱེར་གྱིས་གྲོང་ཁྱེར་གྱི་ཞབས་ཞུ་རྣམ་པ་དང་ཞིང་ལས་སྔོན་འཇོག་རྣམ་པའི་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་གཞི་ཚུགས་ཏེ། རྫོང་སྟོབས་ཆེར་གཏོང་བའི་བྱ་སྤྱོད་ལག་བསྟར་ཤུགས་ཆེན་བྱས་ནས་རྫོང་ཁོངས་དཔལ་འབྱོར་གྱི་སྤྱི་འབོར་དང་སྤུས་ཚད་གཉིས་ཀ་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།