ཀྲུང་གོ་བོད་ཀྱི་དྲ་བ།

སྒོར་ཁྲི7968ཀྱི་ལྐོག་རྔན་བླངས་པའི་ཀན་སུའུ་ཞིང་ཆེན་གྱི་ཧྲིན་ཀྲང་ཟུར་པ་སུང་ལིང་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-08-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་དབྱང་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་གློག་འཕྲིན་ལྟར་ན། 2022ལོའི་ཟླ8པའི་ཚེས30ཉིན་སི་ཁྲོན་ཞིང་ཆེན་ལེ་ཧྲན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཀན་སུའུ་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་ཟུར་པ་དང་ཞིང་ཆེན་སྲིད་གཞུང་གི་དེ་སྔའི་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་གཞོན་པ་བཅས་ཡིན་པའི་སུང་ལིང་གིས་ལྐོག་རྔན་བླངས་པའི་གྱོད་གཞི་ཡོངས་བསྒྲགས་ངང་འདྲི་གཅོད་བྱས་ཏེ། ཞུ་སྦྱོར་ཕྱི་མ་སུང་ལིང་གིས་ལྐོག་རྔན་བླངས་པའི་ཉེས་གསོག་བཟོས་པས་ཚེ་བཙོན་བཅད་ཅིང་། ཚེ་གང་བོའི་ཆབ་སྲིད་ཁེ་དབང་འཕྲོག་པ་མ་ཟད། མི་སྒེར་གྱི་རྒྱུ་ནོར་ཚང་མ་གཞུང་བཞེས་བཏང་སུང་ལིང་གིས་བྱས་ཉེས་བསགས་ནས་ཐོབ་པའི་རྒྱུ་ནོར་དང་སྐྱེད་འཕེལ་ཁྲིམས་ལྟར་བདའ་འདེད་བྱས་ནས་རྒྱལ་མཛོད་དུ་འབུལ་དགོས།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།