ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཞིང་ཆེན་གྱིས་ནགས་རྩྭ་ཐོན་ཁུངས་དྲ་མིག་ཅན་གྱི་དོ་དམ་མ་ལག་བཙུགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-08-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཉེ་ལམ་ཀན་སུའུ་ཞིང་ཆེན་སྲིད་གཞུང་གི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་སྟེང་ནས་རྒྱུས་ལོན་པ་ལྟར་ན། མིག་སྔར་ཀན་སུའུ་ཞིང་ཆེན་གྱིས་ཏང་ཨུ་དང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོས་སྤྱི་ཁྱབ་ནགས་དཔོན་བྱེད་པའི“ནགས་དཔོན་གཉིས”ཀྱི་བྱ་བའི་ལམ་སྲོལ་དང་ས་ཁོངས་ཡོངས་སུ་ཁྱབ་པའི་ཞིང་ཆེན་དང་གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་ལྔའི་ནགས་དཔོན་འགན་འཁྲིའི་མ་ལག་བཙུགས་ནས། ནགས་ཚལ་དང་རྩྭ་ཐང་ཐོན་ཁུངས་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་བའི་འགན་འཁྲི་དེ་ནགས་ཚལ་དང་རྩྭ་ཐང་སྡེ་ཚན་གྱིས་ཏང་ཨུ་དང་སྲིད་གཞུང་བར་ཇེ་མཐོར་གཏོང་རྒྱུ་རེད། མིག་སྔར་ཞིང་ཆེན་ཡོངས་སུ་རིམ་པ་སོ་སོའི་ནགས་དཔོན62288བཙུགས་པས། ནགས་དཔོན་ལམ་ལུགས་ལ་ཕན་འབྲས་རགས་ཙམ་ཐོབ་ཡོད། ན་ནིང་ནས་བཟུང་ཀན་སུའུ་ཞིང་ཆེན་ཡོངས་ཀྱིས་སྡོང་འཛུགས་ནགས་སྐྲུན་མུའུ་ཁྲི533ལ་སླེབས་པ་དང་། རྩྭ་ཐང་དུ་རྩྭ་འདེབས་ལེགས་བཅོས་བྱེད་ཚད་མུའུ་ཁྲི647ལ་སླེབས། བྱེ་འགྱུར་ས་ཞིང་ཕྱོགས་བསྡུས་བཅོས་སྒྲིག་བྱེད་ཚད་མུའུ་ཁྲི435བཅས་ཟིན་ནས། ནགས་བཟོའི་ལས་འགན་ཚད་ལས་བརྒལ་ནས་ལེགས་འགྲུབ་བྱུང་ཡོད།

སྤྱི་བདེ་ཅུའུ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། ཀན་སུའུ་ཡིས“སྔོ་ལྗང་སྲུང་སྐྱོང”དང“སྔོ་ལྗང་ཇེ་མང་དུ་གཏོང་བ”། “སྔོ་ལྗང་བེད་སྤྱོད་བྱེད་པ”བཅས་ཀྱི་ཐད་ཤུགས་བསྣན་ནས་སྐྱེ་ཁམས་ནགས་སྲུང་བ66339དང་། རྩྭ་ཐང་བདག་སྐྱོང་བ15100བདམས་ཏེ་ནགས་ཚལ་དང་རྩྭ་ཐང་ཐོན་ཁུངས་དྲ་མིག་ཅན་གྱི་དོ་དམ་མ་ལག་བཙུགས་པ་རེད། ཀན་སུའུ་ཡིས་ལོ་ལྟར་ནགས་ཚལ་ལྟ་སྐུལ་ཞིབ་བཤེར་བྱས་ནས་རྒྱུས་ལོན་བྱུང་བའི་ནགས་ཚལ་ཐོན་ཁུངས་ལ་ཁྲིམས་འགལ་ངང་གཏོར་བཤིག་གཏོང་བའི་གྱོད་གཞི3206ལ་ཞིབ་བཤེར་དང་བཅོས་སྒྲིག་བྱས་ནས། གྱོད་གཞི2995བཅོས་སྒྲིག་བྱས་པ་དེས་གྱོད་གཞིའི་བསྡོམས་འབོར་གྱི93.4%ཟིན་པ་དང་། རྫོང38སྒྲིག་འཛུགས་བྱས་ནས་རྩྭ་ཐང་གི་གནོད་ཡོད་སྐྱེ་དངོས་ཡོངས་བཤེར་བྱས། 2021ལོར་ཞིང་ཆེན་ཡོངས་སུ་རྩྭ་ཐང་གི་གནོད་ཡོད་སྐྱེ་དངོས་འགོག་བཅོས་བྱེད་ཚད་མུའུ་ཁྲི1085ཟིན་ནས་ཕྱུགས་རྩྭའི་གྱོང་གུན་སྤྱི་རྒྱ་དུང་ཕྱུར3.165ཇེ་ཉུང་དུ་བཏང་བ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།