ཀྲུང་གོ་བོད་ཀྱི་དྲ་བ།

སྙིང་རུས་གཏན་འཁྱོངས་ཀྱིས་ཁྱིམ་གཞིས་མཛེས་སྡུག་ལྡན་པར་བྱས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-08-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ནུབ་བྱང་གི་སྐམ་སའི་དབུས་སུ་གནས་པའི་ཀན་སུའུ་ནི་རྨ་ཆུ་དང་འབྲི་ཆུའི་སྟོད་རྒྱུད་དང་། ས་སེར་ས་མཐོ། མཚོ་བོད་ས་མཐོ། ནང་སོག་བཅས་ས་མཐོ་ཆེན་པོ་གསུམ་གྱི་སྦྲེལ་མཚམས་སུ་གནས་ཤིང་། སྐྱེ་ཁམས་ཁོར་ཡུག་ཉམས་ཞན་ཡིན་མོད། འོན་ཀྱང་སྐྱེ་ཁམས་ཀྱི་ནུས་པ་ཧ་ཅང་གལ་ཆེན་ལྡན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངཌ་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ཏེ། ཀན་སུའུ་ཡི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོཌ་ཚོས་རྒྱལ་ཁབ་ཀྱི་ནུབ་རྒྱུད་སྐྱེ་ཁམས་བདེ་འཇཌ་སྲུང་ཡོལ་གྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་ཁུར་ནས། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱས་པ་རེད།

ལྗང་མདོག་གི་རྨང་གཞི་ཟབ་མོ་གཏོད་པར་ཕན་པ་ཡོད་པ་ཞིག་ཡིན་ཚེ་དཀའ་ངལ་མཐའ་དག་ཁྱད་བསད་ཀྱིས་སྐུལ་འདེད་གཏོང་དགོས་པ་དང་། སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་གཏོང་བའི་བྱེད་སྤྱོད་ཡིན་ཚེ་རྒྱུ་མཚན་ལ་མི་འཛེམ་པར་མཐའ་གཅིག་ཏུ་ཡོ་བསྲང་བྱེད་དགོས། ཀན་སུའུ་ཡིས་གྲི་དངོ་རང་གཏད་དང་ཟུར་བསྟན་ལེབ་མཐོང་གིས་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱིས་ཚུར་ལན་སྤྲད་པའི་གནད་དོན་བཅོས་སྒྲིག་གཏིང་ཟབ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གནད་དོན་ཞིབ་བཤེར་བཅོས་སྒྲིག་རེས་སྐོར་གཉིས་བསྟུད་མར་སྤེལ་བ་རེད། འདི་ལོའི་ཟླ་5པའི་ཟླ་སྟོད་དུ་ཁྱོན་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་3078ཤེས་རྟོགས་བྱུང་བ་དང་། གནད་དོན་2045བཅོས་སྒྲིག་བྱས་ཟིན་པ་རེད།

དེ་དང་ཆབས་ཅིག ཀན་སུའུ་ཡིས་སྐྱེ་ཁམས་སྲུང་སྐྱོང་གི་ལྟ་འདོམས་བྱེད་ཐབས་གསར་གཏོད་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཕུཌ་ཕན་ལམ་སྲོལ་བཙུགས་ཏེ། སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་གཏོང་བའི་བྱེད་སྤྱོད་ཐར་པར་གཏན་ནས་མི་གཏོང་བ་དང་འབྲེལ། “མེས་པོའི་ལྟོ་ཟ་བ་དང་བུ་ཕྲུག་གི་ལྟོ་ཕོར་མེད་པར་བཟོ་བའི”བྱེད་སྤྱོད་མཐའ་གཅིག་ཏུ་བཀག་འགོག་བྱས་པ་དང་། སྲིད་འཛིན་ཁྲིམས་འཛིན་དང་ཉེས་དོན་ཁྲིམས་འཛིན་སྡེ་ཚན་དབར་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས། སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་གཏོང་བའི་བྱེད་སྤྱོད་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་བཏང་བ་རེད།

ད་ཆ་ས་སེར་ཁུལ་སྔོ་ལྗང་ཅན་དུ་གྱུར་ཡོད་པ་དང་། མདོ་ལ་རིང་མོར་གསའ་མང་པོ་མཐོང་རྒྱུ་ཡོད་ལ། གཙང་པོའི་ནུབ་རྒྱུད་སྔོ་ཐིང་ངེར་གྱུར་ནས་གསོན་ཤུགས་ཀྱིས་ཁེངས་ཡོད། ཞིང་ཆེན་ཡོངས་ཀྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་གྲངས་93.7%ཟིན་པ་དང་། རྒྱལ་ཁབ་ཀྱིས་ཚོད་འཛིན་བྱེད་པའི་བཅད་ངོས་ཀྱི་ཆུའི་སྤུས་ཚད་ཚད་གཞིར་སླེབས་ཚད་100%ཟིན་པ། སྦགས་བཙོག་ཐེབས་པའི་རྨོ་ཞིང་བདེ་འཇགས་ངང་སྤྱོད་ཚད་98.94%ཟིན་པ་བཅས་བྱུང་ནས་ནམ་མཁའ་དེ་བས་སྔོ་བ་དང་། ཆུ་བོ་དེ་བས་དྭངས་པ། མཁའ་རླུང་དེ་བས་སོས་པ་བཅས་ཀྱི་མཛེས་ལྗོངས་ཤིག་ཀན་སུའུ་ཡི་ས་གཞི་ཆེ་མོར་མངོན་ནས། ནུབ་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྔར་བས་བརྟན་དུ་ཕྱིན་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།