ཀྲུང་གོ་བོད་ཀྱི་དྲ་བ།

ཚེས30ཉིན་གྱི་ཀན་སུའུ་ཡི་རིམས་ནད་གནས་ཚུལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-08-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས30ཉིན་གྱི་ཆུ་ཚོད0-24བར། ཀན་སུའུ་ཞིང་ཆེན་དུ་པྲོག་གསར་ནད་པ31ཇེ་མང་དུ་སོང་། དེའི་ཁྲོད། ལན་ཀྲུའུ་གྲོང་ཁྱེར་ཁྲིན་ཀོན་ཆུས་སུ་ནད་པ3དང་། ལིན་ཞྭ་ཁུལ་དུ་ནད་པ27། ཀན་ལྷོ་ཁུལ་བསང་ཆུ་རྫོང་དུ་ནད་པ1ཡོད། ནད་རྟགས་མེད་པའི་ནད་པའི་ནད་རྟགས་གཏན་ཁེལ་བྱུང་བ24ཡོད་པ་དང་། དེའི་ཁྲོད། ལན་ཀྲུའུ་གྲོང་ཁྱེར་ཁྲིན་ཀོན་ཆུས་སུ་ནད་པ1དང་། ལིན་ཞྭ་ཁུལ་དུ22། ཀན་ལྷོ་ཁུལ་བསང་ཆུ་རྫོང་དུ1ཡོད། ནད་རྟགས་མེད་པའི་ནད་པ103ཡོད་པ་དང་། དེའི་ཁྲོད། ལན་ཀྲུའུ་གྲོང་ཁྱེར་དུ10། ལིན་ཞྭ་ཁུལ་དུ87། ཀན་ལྷོ་ཁུལ་བསང་ཆུ་རྫོང་དུ6ཡོད། གོང་གསལ་གྱི་ནད་པ་ཚང་མ་གནས་ཁེལ་སྨན་ཁང་དུ་ལོགས་བཀར་སྨན་བཅོས་བྱེད་བཞིན་ཡོད། གསར་དུ་བྱུང་བའི་ནད་པའི་འགྲོ་འདུག་གནས་ཚུལ་འབྲེལ་ཡོད་གྲོང་ཁྱེར་དང་ཁུལ་ནས་ཁྱབ་སྒྲོག་བྱ་རྒྱུ་ཡིན།

ཟླ7པའི་ཚེས30ཉིན་གྱི་ཆུ་ཚོད24བར་དུ། ཐེངས་འདིའི་རིམས་ནད་ཁྲོད། ནད་རྟགས་གཏན་ཁེལ་བྱུང་བའི་ནད་པ615དང་། ནད་རྟགས་མེད་པའི་ནད་པ3668། སྨན་ཁང་ལས་བུད་པའི་ནད་པ50ཡོད། གསོ་རིག་ལྟ་ཞིབ་ལས་གྲོལ་བའི་ནད་རྟགས་མེད་པའི་ནད་པ154ཡོད། རིམ་རྩིས་བྱས་ན་ནད་རྟགས་གཏན་ཁེལ་བྱུང་བའི་ནད་པ257སྨན་ཁང་ནས་བུད། གསོ་རིག་ལྟ་ཞིབ་ལས་གྲོལ་བའི་ནད་རྟགས་མེད་པའི་ནད་པ733ཡོད། ནད་རྟགས་གཏན་ཁེལ་བྱུང་བའི་ནད་པ358དང་ནད་རྟགས་མེད་པའི་ནད་པ2935ཚང་མ་གནས་ཁེལ་སྨན་ཁང་དུ་ལོགས་བཀར་སྨན་བཅོས་བྱེད་བཞིན་ཡོད། 

ཕྱི་རྒྱལ་ནས་ཐོན་པའི་རིམས་ནད་གནས་ཚུལ།

ཟླ7པའི་ཚེས29ཉིན་གྱི་ཆུ་ཚོད0ནས24བར། ཕྱི་རྒྱལ་ནས་ཐོན་པའི་ནད་རྟགས་གཏན་འཁེལ་བྱུང་བའི་ནད་པ་དང་ནད་རྟགས་མེད་པའི་ནད་པ་མེད། ཚེས་30ཉིན། ནད་པ1སྨན་ཁང་ནས་བུད་ཅིང་། མི1གསོ་རིག་ལྟ་ཞིབ་ལས་གྲོལ། གཞན་ཨུ་རུ་སུ་ནས་ལན་ཀྲུའུ་བར་གྱིCA910དུས་གཏན་གནམ་གྲུའི་འགྲུལ་བ311ཚང་མ་གསོ་རིག་ལྟ་ཞིབ་ལས་གྲོལ་ཡོད། 

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།