ཀྲུང་གོ་བོད་ཀྱི་དྲ་བ།

ཚེས28ཉིན་གྱི་ཀན་ལྷོའི་རིམས་ནད་གནས་ཚུལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-08-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས28ཉིན། གསར་འགོད་པས་ཀན་ལྷོ་ཁུལ་པྲོག་གསར་གློ་ཚད་རིམས་ནད་འགོག་སྲུང་བྱ་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་ལྔ་བའི་ཐོག་ནས་རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་རིམས་ནད་བྱུང་བ་ནས་ཟླ7པའི་ཚེས27ཉིན་གྱི་དུས་ཚོད24བར། ཀན་ལྷོ་ཁུལ་དུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་འགོས་པའི་ནད་པ467ཡོད་ལ། དེའི་ཁྲོད་དུ་ནད་རྟགས་གཏན་འཁེལ་བྱུང་པ31(བསང་ཆུ་རྫོང་དུ་ནད་པ24དང་རྨ་ཆུ་རྫོང་དུ་ནད་པ7)ཡོད།  ནད་རྟགས་མི་མངོན་པའི་ནད་པ436ཡོད་པ་དང་། དེའི་ནང་བསང་ཆུ་རྫོང་དུ་ནད་པ422དང་རྨ་ཆུ་རྫོང་དུ་ནད་པ14ཡོད།  ནད་རྟགས་མི་མངོན་པའི་ནད་པ་ལས་གཅིག་བསྡུས་ལོགས་བཀར་ས་ཚིགས་ནས་ཕྱིར་འཐེན་པའི་ནད་པ2(བསང་ཆུ་རྫོང་གི་ནད་རྟགས་མི་མངོན་པའི་ནད་པ1དང་རྨ་ཆུ་རྫོང་གི་ནད་རྟགས་མི་མངོན་པའི་ནད་པ1)ཡོད། བསྡོམས་རྩིས་བྱས་ན་ནད་རྟགས་མི་མངོན་པའི་ནད་པ་ལས་གཅིག་བསྡུས་ལོགས་བཀར་ས་ཚིགས་ནས་ཕྱིར་འཐེན་པའི་ནད་པ14(བསང་ཆུ་རྫོང་དུ་ནད་པ12དང་རྨ་ཆུ་རྫོང་དུ་ནད་པ2)ཡོད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།