ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་ཐེ་བོ་རྫོང་གིས“རྣམ་གྲངས་ཆེན་པོ་གསུམ”ལག་བསྟར་བྱས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-06-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐེ་བོ་རྫོང་གིས“རྨང་གཞི་སྲ་བརྟན”དང“དཔེ་སྟོན་སྣེ་ཁྲིད” ། “ཞིང་དར་དམངས་ཕྱུག”གི་རྣམ་གྲངས་ཆེན་པོ་གསུམ་ལག་བསྟར་བྱས་ཏེ། གྲོང་གསེབ་ཀྱི་ཏང་འཛུགས་སྐྱོང་གི་སྤུས་ཚད་ཇེ་མཐོ་དང་ཕན་འབྲས་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་ནས་གྲོང་གསེབ་དར་སྤེལ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་།

“རྨང་གཞི་སྲ་བརྟན”གྱི་རྣམ་གྲངས་ལག་བསྟར་བྱས་ནས་གྲོང་གསེབ་དར་སྤེལ་གྱི་དམག་འཐབ་མཁར་རྫོང་བརྟན་བརླིང་དུ་བཏང་སྟེ། གྲོང་ཚོ(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་ལས་དོན་བདེ་བླག་ངང་ལེགས་འགྲུབ་བྱུང་བ་དང་། གྲོང་ཚོ(སྡེ་ཁུལ)54ཡི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་གྲོང་ཚོའི(གྲོང་ལྷན)ཨུ་ལྷན་གྱི་ཀྲུའུ་རེན་ཚང་མར“འགན་གཅིག་འཁུར”མངོན་འགྱུར་བྱུང་ཞིང་། ལོ་ན་དང་སློབ་རྒྱུས་ལ“གཅིག་འཕར་གཅིག་ཆག”མངོན་འགྱུར་བྱུང་བ་རེད། ཞིང་སྡེ་རིམ་པའི་གཞུང་ལས་འགྲོ་གྲོན་དང་གྲོང་ཚོ་ཚོགས་ཆུང་གི་ལས་བྱེད་པའི་གླ་ཕོགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། 2022ལོའི་ལོ་སྟོད་དུ་གྲོང་ཚོ་ཚོགས་ཆུང་གི་ལས་བྱེད་པར་གླ་ཕོགས་སྒོར་ཁྲི434.5སྤྲད་པ་དང་། ཞིང་སྡེ་རིམ་པའི་གཞུང་ལས་འགྲོ་གྲོན་སྒོར་ཁྲི260སྤྲད་པ་རེད། ཏང་རྩ་འཛུགས་ཚད་གཞི་ཅན་དང་ཚད་ལྡན་ཅན་གྱི་འཛུགས་སྐྱོང་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས། ཞིང་སྡེ་རིམ་པའི་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས་བསྒྱུར་བཀོད་ལེགས་བཅོས་རྣམ་གྲངས4བརྩོན་ལེན་བྱས་པ་དང་། གསར་བརྗེ་གྲོང་ཚོས་དར་སྤེལ་འཛུགས་སྐྲུན་རྣམ་གྲངས3སྒྲིག་འཛུགས་བྱས་པ། ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས7གྲལ་བཤེར་བྱས་པ། “ཡུལ་བཙན”དང་ཏང་ཡོན་གྱི་དད་ལྡན་གནད་དོན་བཅོས་སྒྲིག་གཏིང་ཟབ་བྱས་པ། གྲོང་ཚོའི(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་ཁོངས་མི426དང་གྲོང་ཚོ་རིམ་པའི་རྗེས་གྲབས་ལས་བྱེད་པ249 ། གྲོང་ཚོའི་ལས་དོན་ལྟ་སྐུལ་ཨུ་ལྷན་གྱི་ཁོངས་མི154བཅས་ལ་རྫོང་རིམ་པའི་མཉམ་འབྲེལ་འདྲི་ཞིབ་བྱས་པ་རེད། གཞན་ཡང་། “དམངས་དོན་གྲོང་གསེབ་ཀྱིས་སྒྲུབ་པའི”ཚོད་ལྟའི་ལས་དོན་ཏན་ཏིག་སྤེལ་ནས། “གཞི་རིམ་ཏང་སྐྱོང+དྲ་རྒྱས་མཉམ་འགོག”གི་ལས་ཀའི་ལམ་སྲོལ་ཕྱོགས་ཡོངས་ནས་ཁྱབ་སྤེལ་བཏང་ཞིང་། ཏང་འཛུགས་སྐྱོང་གིས་སྤྱི་འདོམས་བྱེད་པར་བརྟེན་ནས“8+”གྱི་གཞི་རིམ་བཅོས་སྐྱོང་གི་དྲ་རྒྱ་བསྐྲུན་ཏེ་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན།

“དཔར་སྟོན་སྣེ་ཁྲིད”རྣམ་གྲངས་ལག་བསྟར་བརྒྱུད་གྲོང་གསེབ་དར་སྤེལ་གྱི་སྒུལ་ཤུགས་འཕེལ་བར་བྱས། ཆེད་ལས་ཅན་གྱི་དོ་དམ་གྲོང་ཚོའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི2ཁ་གསབ་བྱས་ཏེ་གྲོང་ཚོ་རིམ་པའི་རྗེས་གྲབས་ལས་བྱེད་པ249གྲ་སྒྲིག་བྱས་པ་དང་། གྲོང་གསེབ་དར་སྤེལ་གྱི་ལས་འགན་ལྕི་བའི་གྲོང་ཚོ་དང་དབུལ་ཐར་གྲོང་ཚོ། ཡུལ་གཞན་གནས་སྤོར་བའི་དབུལ་སྐྱོར་བཀོད་སྒྲིག་གྲོང་ཚོ་རུ་བཅའ་སྡོད་ཧྲུའུ་ཅི་དང་པོ23དང་བཅའ་སྡོད་རོགས་སྐྱོར་ལས་དོན་རུ་མི52མངགས། དེའི་ནང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི1ལ“རྒྱལ་ཡོངས་དབུལ་ཐར་འགག་སྒྲོལ་གྱི་སྔོན་ཐོན་མི་སྒེར”གྱི་མཚན་སྙན་ཐོབ་པ་དང་། གྲོང་ཚོའི་ལས་བྱེད་པ5ལ་ཞིང་ཆེན་དང་ཁུལ་གྱི་གཟེངས་བསྟོད་ཐོབ་པ། གྲོང་ཚོའི་ལས་བྱེད་པ35ཞིང་ཆེན་དང་ཁུལ་གྱི་གསོ་སྦྱོང་ནང་ཞུགས་པ་རེད། གྲོང་ཚོ(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་ལས་བྱེད་པ་ཡོངས་ལ་གསོ་སྦྱོང་དང་གྲོང་ཚོ་དང་ཚོགས་ཆུང་གི་ལས་བྱེད་པ་དང་། བཅའ་སྡོད་ཧྲུའུ་ཅི་དང་པོ་དང་ལས་དོན་རུ་མི་སྒྲིག་འཛུགས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་འབྲེལ་མཐུད་ནུས་ལྡན་བྱེད་པའི་རོགས་སྐྱོར་ལས་དོན་གྱི་བརྙན་ལམ་གསོ་སྦྱོང་ནང་ཞུགས་པ་རེད།རྫོང་རིམ་པའི་ཚན་རྩལ་ཤེས་ལྡན་མི་སྣ17དང་། ཁོ་རིམ་པའི་ཆེད་མངགས་མི་སྣ་དང“ས་གནས་ཀྱི་ཆེད་མཁས་པ”བཅས་བདམས་གཏོང་བྱས་ཏེ་ཐོན་ལས་རྟེན་གཞི་དང་གླིང་ཁུལ་ལ་བརྟེན་ནས་ས་གནས་སུ་སྣེ་ཁྲིད་གང་ལེགས་བྱས་ནས་གྲོང་གསེབ་ཀྱི་སྤྱོད་གོ་ཆོད་པའི་ཤེས་ལྡན་མི་སྣ200ལྷག་གསོ་སྐྱོང་བྱས། རོང་འབྲོག་སྡེ་བའི་ཏང་ཡོན་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ཧྲིལ་པོའི་དངོས་བྲིས་ལམ་སྲོལ་སྐུལ་འདེད་བཏང་ནས། 2021ལོར་ཞིང་འབྲོག་སྡེ་བའི་ཏང་ཡོན་གསར་བ97འཕེལ་རྒྱས་བཏང་ཞིང་། དེའི་ནང་ལོ35མན་གྱི་མི་གྲངས77ཟིན་པ་དེས79.4%ཟིན་ཡོད།

“ཞིང་དར་དམངས་ཕྱུག”གི་རྣམ་གྲངས་ལག་བསྟར་བྱས་ནས་གྲོང་གསེབ་དར་སྤེལ་གྱི་རྨང་གཞི་སྲ་བརྟན་དུ་གཏོང་བ། “གྲོང་ཚོ་དང་ཁེ་ལས་མཉམ་འབྲེལ་འཛུགས་སྐྱོང”མཐའ་འཁྱོངས་བྱ་རྒྱུ་དེ་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེན་དུ་གཏོང་བའི་གཞི་རྟེན་ནུས་ལྡན་ཞིག་ཏུ་བརྩིས་ནས་རྫོང་ནང་ཁུལ་གྱི་ཁེ་ལས8ཀྱིས་ཞིང་སྡེ12དང་ཆ་བསྒྲིགས་ནས། རྣམ་གྲངས་ཀྱིས་སྣེ་ཁྲིད་དང་ལག་རྩལ་གྱི་ཞབས་ཞུ། མངགས་ཐོ་ཐོན་སྐྱེད་དང་ཕྱིར་ཚོང་། ལས་ཞུགས་མཁོ་འདོན་སོགས་ལ་བརྟེན་ནས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་ཡོད། ཉིན་ངོ་ཤང་ཉིན་ངོ་གྲོང་ཚོ་དང་ལུང་ནན་ཁང་རྫོང་ཁང་ཡོན་ཀུང་སི་དང་ཆ་སྒྲིག་མཉམ་སྐྲུན་བྱས་པ་བརྒྱུད། ས་རྒོད་དུ་གྱུར་བའི་ས་ཞིང་མུའུ75འཁོར་རྒྱུག་བྱས་པ་དང་། མ་དངུལ་སྒོར་ཁྲི1115བསྡུ་སྒྲིལ་བྱས་ཏེ་མོག་རོ་ནག་པོ་འདེབས་འཛུགས་རྟེན་གཞི་སྐྲུན་པས། ཤང་དང་གྲོང་རྡལ3གྱི་དུད་ཚང554ཡི་མང་ཚོགས་འབབ་འཕར་བརྟན་པོ་ཡོང་བར་སྐུལ་ཁྲིད་བྱས། 2021ལོར་མ་རྐང་ནང་ཞུགས་པའི་ཁེ་སྤོགས་སྒོར་ཁྲི51.42སྤྲད་དེ་མང་ཚོགས་ལས་ཞུགས་དང་འབབ་འཕར་སྒོར་ཁྲི24.38བྱུང་ཡོད། སྟག་ར་ཤང་འོ་རིགས་གྲོང་ཚོས“ཏང་ཀྲི་པུའུ+ཀུང་སི+ཆེད་ལས་མཉམ་ལས་ཁང+ཞིང་དུད་བཅས་ཟུང་འབྲེལ”གྱི་བྱེད་ཐབས་ལ་བརྟེན་ནས་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་རྒྱ་བསྐྱེད་པ་རེད། ། 

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།