ཀྲུང་གོ་བོད་ཀྱི་དྲ་བ།

ཐང་ག་རྒྱུན་འཛིན་མཁན་གཅོད་པ་རྒྱལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-06-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

3.jpg

4.jpg

པར་འདི་གཉིས་ནི་ཐང་ག་རྒྱུན་འཛིན་མཁན་གཅོད་པ་རྒྱལ་ཡིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གཅོད་པ་རྒྱལ་ནི་ཡང་བསྐྱར་མི་རྣམས་ཀྱི་དོ་སྣང་བྱ་ཡུལ་དུ་གྱུར་ཞིང་། ཁོང་ཉིད་ལ2016ལོར“ལུང་ཡོན་བཟོ་བ”ཞེས་པའི་མཚན་སྙན་ཐོབ་པ་མ་ཟད། 2017ལོར“ཀན་སུའུ་ཞིང་ཆེན་གྱི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས”ཐོབ་ཅིང་། ད་ལོ་ཡང“ཀན་སུའུ་ཞིང་ཆེན་བཟོ་རྩལ་མཛེས་རྩལ་དགེ་རྒན་ཆེན་མོའི”མཚན་སྙན་ཐོབ་པ་རེད། 

གཅོད་པ་རྒྱལ་ནི་རྒྱལ་ཁབ་རིམ་པའི་ཐང་གའི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་མཁན་ཞིག་ཡིན་པ་དང་། ཁོང་ཉིད་ལོ་དགུ་ནས་བཟུང་རང་གི་ཨ་ཕ་དང་མཉམ་དུ་ཐང་ག་འབྲི་སྲོལ་སློབ་སྦྱོང་བྱས་ཤིང་། ལོ་བཞི་བཅུའི་རིང་ལ་ཐང་ག་འབྲི་བའི་ལས་ནང་ཞུགས་པ་རེད། ཁོང་གིས1997ལོ་ནས་བཟུང་སློབ་མ་བསྡུ་མགོ་བརྩམས་པ་དང་། 2010ལོར་བསང་ཆུ་རྫོང་བླ་བྲང་བྱང་ཆུབ་རི་མོའི་གླིང་འགན་འཁྲི་ཚད་ཡོད་ཀུང་སི་བཙུགས་པ་བརྒྱུད། གཅོད་པ་རྒྱལ་གྱིས་སྔ་རྗེས་སུ་ཕུལ་བྱུང་ཐང་ག་འབྲི་མཁན་བཅུ་ལྷག་དང་སློབ་མ་མང་པོ་གསོ་སྐྱོང་མཛད་པ་རེད། 

གཅོད་པ་རྒྱལ་གྱིས། ལོ་བཞི་བཅུ་ཙམ་ལ་ཐང་ག་བྲིས་པ་དེ་ནི་ཁོང་གི་མི་ཚེ་ཁྲོད་ཀྱི་ཡོད་ཚད་དུ་གྱུར་ལ། ཁོང་གིས་ཐང་གའི་ལག་རྩལ་དེ་མུ་མཐུད་དུ་རྒྱུན་འཛིན་བྱ་རྒྱུ་དང་། “རྒྱལ་ཁབ་རིམ་པའི་ཐང་གའི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་མཁན་ཞིག་ཡིན་པའི་ཆ་ནས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཁྱིམ་ཚང་ཁྲི་སྟོང་མང་པོར་བསྐྱལ་དགོས་པ་མ་ཟད། རང་ཉིད་གཙང་སེལ་བྱས་ནས་གཞན་ལ་སེམས་འགུལ་ཐེབས་སུ་འཇུག་པ་དང་། གཞན་ཡང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་དང་། སྤྱི་ཚོགས་འཆམ་མཐུན། རྒྱལ་ཁབ་དར་རྒྱས་གོང་འཕེལ་ཡོང་བར་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་རྒྱུ་ཡིན”ཞེས་བསྟན།

གཅོད་པ་རྒྱལ་སྒྱུ་རྩལ་འགྲེམས་འཁྲབ་དང་རིག་གཞུང་སྤེལ་རེས་བྱ་འགུལ་ནང་ཧུར་ཐག་གིས་ཞུགས་ནས། ཀན་ལྷོ་ས་ཆ་རུ་འཐུས་ཚབ་རང་བཞིན་དང་ཁྱབ་རྒྱ་ཆེ་བའི་སྤྱི་ཚོགས་ཤུགས་རྐྱེན་ཐེབས་ཡོད། ཁོང་གིས་ལག་རྩལ་རྒྱུན་འཛིན་གསོ་སྐྱོང་ལ་ཐུགས་ཁུར་མཛད་དེ། “ཀུང་སི+སློབ་གྲྭ”ཡི་རྣམ་པས་མི་སྔར་ལས་མང་པོར་ཐང་ག་སློབ་སྦྱོང་བྱེད་པའི་གོ་སྐབས་བསྐྲུན་པ་དང་། ཐང་ག་སྲུང་སྐྱོང་དང་ཐང་ག་འབྲི་རྩལ་རྒྱུན་འཛིན་ཐད་བྱས་རྗེས་ཆེན་པོ་བཞག་ཡོད།

ཐང་ག་སྒྱུ་རྩལ་ལ་དགའ་ཞེན་ཆེ་བ་ཕུད། གཅོད་པ་རྒྱལ་ཁོང་ཉིད་སྤྱི་ཕན་སྙིང་རྗེ་ལས་དོན་ནང་ཧུར་ཐག་གིས་ཞུགས་ནས། སྔ་རྗེས་སུ་དབུལ་པོའི་ཁྱིམ་ཚང་དང་དྭ་ཕྲུག་སློབ་གྲྭ། རྒན་གསོ་ཁང་། དཀའ་ངལ་ལྡན་པའི་ལས་བཟོ་བ། གནོད་ཁུལ་མང་ཚོགས་སོགས་ལ་འཚམས་འདྲི་མ་དངུལ་སྒོར7000ལྷག་སྤྲད་པ་རེད། རིམས་འགོག་ཁྲོད་ཀྱང་ཁོང་གིས་འཐབ་ས་དང་པོར་འབད་འཐབ་བྱེད་པའི་རིམས་འགོག་ལས་དོན་མི་སྣ་དག་ལ་སྒོར་ཁྲི1ཞལ་འདེབས་སུ་ཕུལ་བ་རེད།

ཕུལ་བྱུང་སྲོལ་རྒྱུན་རིག་གནས་རེ་རེ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཤེས་རབ་ཀྱི་སྙིང་བཅུད་ཡིན་པ་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་སྲོག་རྩ་དང་བསམ་པའི་སྲོག་ཤིང་ཡིན། གཅོད་པ་རྒྱལ་གྱིས་ལྷག་བསམ་རྣམ་དག་གི་བཟོ་བའི་སེམས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་སྲོག་རྩ་རྒྱུན་འཛིན་བྱེད་བཞིན་ཡོད།

གཅོད་པ་རྒྱལ་གྱི་བརྩམས་ཆོས་ལ་སྔ་རྗེས་སུ་སྐབས་བདུན་པའི(ཀྲུའུ་ཅིང)གཟུགས་འདས་ཤུལ་བཞག་རིག་གནས་དངོས་མང་བཤམས་སྟོན་ཚོགས་འདུའི་གསེར་གྱི་རྟགས་མ་དང་། སྐབས་ལྔ་བའི་ཀྲུང་གོ་ཁྲེང་ཏུའུ་རྒྱལ་སྤྱིའི་གཟུགས་འདས་ཤུག་བཞག་རིག་གནས་དུས་ཆེན་གྱི་ཨང་དང་པོའི་རྟགས་མ། སྐབས་ལྔ་བའི་ཏུན་ཧོང་གི་དར་གོས་ལམ་བུར་བསྐྱོད་པའི་རྒྱལ་སྤྱིའི་ཡུལ་སྐོར་དུས་ཆེན་གྱི་ཐུང་ཝེ་ཡིག་རིས་སྒྱུ་རྩལ་དུས་ཆེན་གྱི་རྟགས་མ་ཨང་དང་པོ་སོགས་ཐོབ་ཡོད། ། 

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།