ཀྲུང་གོ་བོད་ཀྱི་དྲ་བ།

དཔའ་རིས་རྫོང་གི“རྟ་ཐོག་སྒྲོག་འགྲེལ་རུ་ཁག”གིས་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་རྩྭ་ཐང་དུ་བསྐྱལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-06-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས7ཉིན་གྱི་ཞོགས་པར་རྟ་ཡི་རྨིག་སྒྲ་དང་བསྟུན། ཀན་སུའུ་ཞིང་ཆེན་དཔའ་རིས་རྫོང་གི་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི“རྟ་ཐོག་སྒྲོག་འགྲེལ་རུ་ཁག”དང་མཉམ་དུ་རྩྭ་ཐང་ཕྱོགས་སུ་བསྐྱོད།

“ཡུལ་དངོས་སུ་ཏང་གི་འཐུས་མི་ཚོགས་ཆེན་གྱི་སྙན་ཞུ་ལ་ཉན་རྗེས། སྙན་ཞུའི་ནང་ཏང་དང་སྲིད་གཞུང་གིས་མི་དམངས་ལ་ཐུགས་ཁུར་གནང་ལུགས་མཚོན་པ་མ་ཟད། དེ་ང་ཚོ་རོང་འབྲོག་མང་ཚོགས་ཀྱི་མ་འོངས་པའི་བདེ་སྐྱིད་འཚོ་བ་དང་འབྲེལ་བ་ཡོད”ཅེས་སེར་རྩེད་གྲོང་རྡལ་མཐོ་བོའི་སྐོམ་གྲོང་ཚོའི་དབྱར་སའི་རྩྭ་ར་ནང་དུ་སྒྲོག་འགྲེལ་རུ་ཁག་གི་ཁོངས་མི་སྟེ། ཀན་སུའུ་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་འཐུས་མི་པད་མ་མཚོས་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་དེ་གྲོང་ཚོའི་ནང་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཉེ་འགྲམ་གྱི་འབྲོག་པ་མང་ཚོགས་ལ་ཏང་གི་སྲིད་ཇུས་སྒྲོག་འགྲེལ་བྱས་ནས་འབྲོག་ཁུལ་གྱི་འཕེལ་རྒྱས་སྐོར་བརྗོད་པ་རེད།

སེར་རྩེད་གྲོང་རྡལ་མཐོ་བོའི་སྐོམ་གྲོང་ཚོ་ནི་ཐག་རིང་རི་ཁུལ་དུ་གནས་པས། འབྲོག་པ་རྣམས་ཁ་ཐོར་དུ་བསྡད་ཡོད། ཏང་གི་གསུང་སྐད་ཐད་ཀར་དུ་བརྒྱུད་སྒྲོག་དང་། ཕྱུག་འགྱུར་གནས་ཚུལ་འབྲེལ་མཐུད་བྱེད་པ། མང་ཚོགས་ལ་ཞབས་འདེགས་ཞུ་བར་བར་ཐག་མེད་པ་བཅས་བྱ་ཆེད། དཔའ་རིས་རྫོང་གིས་འབྲོག་ཁུལ་གྱི“རྟ་ཐོག་སྒྲོག་འགྲེལ་རུ་ཁག”སྐོར་ཞིག་བཙུགས་ཤིང་། ཁོང་ཚོ་རི་ཁུག་རྩྭ་ཐང་དུ་བསྐྱོད་པ་དང་། འབྲོག་པའི་སྡོད་ཁང་དུ་བསྐྱོད་དེ་ཡུལ་སྐད་དང་བོད་སྐད་ལ་བརྟེན་ནས་འཚོ་བའི་དཔེ་མཚོན་གྱིས་གསོན་ཤུགས་ལྡན་པའི་རྣམ་པས་འབྲོག་ཁུལ་གྱི་ཏང་ཡོན་ཚོར་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་བྱས།

“ཏང་གི་འཐུས་མི་ཚོགས་ཆེན་གྱི་སྙན་ཞུའི་ནང་དོན་ཕུན་སུམ་ཚོགས་པ་ཡིན་ལ། ཚང་མ་ང་ཚོ་ཕྱུག་འགྱུར་ཡོང་བར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་བཟང་པོ་ཞིག་ཡིན་པས། ད་ལོ་ངས་ཞོག་ཁོག་བཏབ་པ་དང་། ཕྱི་ལོ་སྐས་ཞིང་བཟོས་རྗེས་ངས་ད་དུང་ས་མཐོའི་དབྱར་ཚལ་འདེབས་རྒྱུ་ཡིན་ལ། དུས་དེར་ཡོང་འབབ་སྔར་ལས་ཇེ་མང་དུ་འགྲོ་རྒྱུ་རེད“ཅེས་ད་ལོར་ལོ50ལ་སླེབས་པའི་ལུ་སོ་ནན་གྱིས་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་ཉན་རྗེས་དེ་ལྟར་བརྗོད།

སེར་རྩེད་གྲོང་རྡལ་སེམས་ཉིད་འགག་གྲོང་རྡལ་དུ་སེར་རྩེད་གྲོང་རྡལ་གྱི་ཏང་ཨུ་ཧྲུའུ་ཅི་ཀྲང་ལི་ཁྲུན་དང་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ཁང་གི་ལས་དོན་མི་སྣས་ཞིང་ཁྱིམ་ཉལ་ཁྲི་དང་རྩྭ་ཐང་འབྲོག་ར་བཅས་ནས་ས་གནས་ཁྱད་ཆོས་ལྡན་པའི་སྒྲོག་འགྲེལ་བྱས།

“སེར་རྩེད་གྲོང་རྡལ་དུ་རྨོ་ཞིང་མུའུ་ཁྲི5.3ཡོད་པ་དང་། རི་ཞིང་འཕྲུལ་ཆས་ཅན་དུ་འགྱུར་མི་ཐུབ་པར་རྨོ་འདེབས་དང་ཞིང་ཆུ་འདྲེན་པའི་སྒྲིག་ཆས་མི་འདང་བ་དེ་ནི་ནམ་ཡང་འདེབས་འཛུགས་ལས་རིགས་འཕེལ་རྒྱས་ལ་ཤུགས་རྐྱེན་བཟོ་བའི་ཞན་ཆ་ཞིག་ཡིན། ང་ཚོས་ལོ་གསུམ་ནས་བཞི་ཡི་དུས་ཚོད་སྤྱད་ནས་ཚད་གཞི་མཐོ་བའི་སྐས་ཞིང་མུའུ་ཁྲི་བཞི་ཙམ་བསྐྲུན་རྩིས་ཡོད་ལ། ཚད་གཞི་མཐོ་བའི་སྐས་ཞིང་བསྐྲུན་རྗེས་གྲོང་རྡལ་གྱིས་ད་དུང་རྣམ་གྲངས་བརྩོན་ལེན་དང་ལེ་ལག་ཚང་བའི་ཆུ་འདྲེན་སྒྲིག་ཆས་སྤྱད་དེ། ས་མཐོའི་དབྱར་ཚལ་དང་ཀྲུང་ལུགས་སྨན་རྒྱུ་འདེབས་འཛུགས་ཐོན་ལས་འཕེལ་རྒྱས་སུ་བཏང་སྟེ། ཏང་གི་འཐུས་མི་ཚོགས་ཆེན་ཐོག་བཏོན་པའི་འབད་འཐབ་ཀྱི་དམིགས་ཚད་སེར་རྩེད་གྲོང་རྡལ་གྱི་གྲོང་གསེབ་ཀྱི་ས་གཞི་ཆེན་པོའི་ཐོག་དོན་འཁྱོལ་བྱས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་དང་མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན”ཞེས་བཤད།

ཏང་གི་འཐུས་མི་ཚོགས་ཆེན་ཐོག་འཆར་གཞི་གང་འདྲ་ཞིག་བཀོད་པ་ནས་ད་ལོར་ས་ཞིང་ནང་ས་བོན་ཅི་ཞིག་འདེབས་པ། ཅི་ཞིག་འདེབས་ན་ཡོང་སྒོ་ཇེ་མང་དུ་འགྲོ་བ། ཅི་ཞིག་གསོས་ན་ཁེ་བཟང་ཐོབ་ཐུབ་པ་སོགས“རྟ་ཐོག་སྒྲོག་འགྲེལ་རུ་ཁག”གི་ཁོངས་མི་དང་འབྲོག་པ་མང་ཚོགས་ཀྱིས་འཚང་ཁ་ཤིག་ཤིག་ངང་ཁ་བརྡ་བྱེད་བཞིན་པའི་རྣམ་པས་འགྱུར་ལྡོག་དང་མྱོང་ཚོར། འཕེལ་རྒྱས་བཅས་བརྗོད་པ་རེད།

“ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་ཉན་རྗེས་ང་ཚོར་སྐུལ་ལྕག་ཆེན་པོ་ཐེབས་པ་མ་ཟད། བློ་སྒོ་ཡང་འབྱེད་ཐུབ་བྱུང་། ཏང་གི་འཐུས་མི་ཚོགས་ཆེན་གྱིས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བར་ཁ་ཕྱོགས་གསལ་བོར་བསྟན་ནས། གྲོང་མི་ཚོས་མ་འོངས་བའི་འཚོ་བར་ཡིད་ཆེས་ཀྱིས་ཁེངས་ཡོད”ཅེས་སེར་རྩེད་གྲོང་རྡལ་སེམས་ཉིད་འགག་གྲོང་ཚོའི་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཕེང་ཆིན་ཉན་གྱིས་དེ་ལྟར་བརྗོད།

ཉིན་ཤས་བསྟུད་མར། དཔའ་རིས་རྫོང་གིས་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་ནན་ཏན་དང་། སྒྲོག་འགྲེལ་བྱེད་སྟངས་གསར་གཏོད་ཧུར་ཐག་བྱས་ནས། མྱུར་འགྲུབ་དང་། མཉམ་འགུལ། མང་ཚོགས་དང་འབྲེལ་འདྲིས་བཅས་ཀྱི་སྒྲོག་འགྲེལ་ཁྱད་ཆོས་འདོན་སྤེལ་བྱས་པ་དང་། སྒྲོག་འགྲེལ་རུ་ཁག་རྩ་འཛུགས་བྱས་ཏེ་ཞིང་ཁ་དང་། གྲོང་ཚོ་དང་ཚོགས་ཆུང་། འབྲོག་ར་དང་རྩྭ་ཐང་བཅས་སུ་བསྐྱོད་དེ་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་དེ་ཇི་མ་ཇི་བཞིན་དུ་བཤད་པ་དང་། “གཏམ་རྒྱུད་ཆུང་ཆུང”གིས“གནས་ལུགས་ཆེན་པོ”བརྗོད་དེ་ཏང་གི་འཐུས་མི་ཚོགས་ཆེན་གྱི་སྙིང་སྟོབས་གཞི་རིམ་དུ་སྐྱོད་པ་དང་། ཞིང་ཁར་སྐྱོད་པ། དུད་ཚང་དུ་སྐྱོད་པ་མ་ཟད། མང་ཚོགས་ཀྱི་སེམས་སུ་གཤགས་པར་བྱས་ཡོད།  །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།